མཚོ་སྔོན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསུ་བར་བདེ་འཇགས་འགན་སྲུང་བཀོད་སྒྲིག་དང་ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་སྨྱན་བྱེད་ལས་ཁུངས་ཀྱི་དོ་དམ་བྱ་བའི་གྲོས་ཚོགས་བསྡུས།
2017.08.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཟླ་བརྒྱད་པའི་ཚེས་བཞི་ཉིན། མཚོ་སྔོན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསུ་བར་བདེ་འཇགས་འགན་སྲུང་བཀོད་སྒྲིག་དང་ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་སྨྱན་བྱེད་ལས་ཁུངས་ཀྱི་དོ་དམ་བྱ་བའི་གྲོས་ཚོགས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་བླང་བྱ་བཏོན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡང་ཧྥིན་ཁྲོན་གྲོས་ཚོགས་སྟེང་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མིག་སྔར། རྒྱང་སྒྲོག་བརྙན་འཕྲིན་སྡེ་ཁག་གི་འགན་ཁུར་གཙོ་བོ་ནི་ཤུགས་ཆེན་པོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསུ་བའི་ལས་རིམ་ཁག་གི་བྱ་བ་བདེ་ལེགས་ངང་བསྒྲུབ་རྒྱུ་དང་། དྲིལ་སྒྲོག་གོ་རིམ་དང་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་དེ་ཡིན། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་བསྟད་དེ། གནས་བབ་ལ་གོ་བ་ཡང་དག་ལོན་པར་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཉེན་ཚབས་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསུ་བའི་གལ་ཆེན་རང་བཞིན་དྲིལ་སྒྲོག་ཤུགས་ཆེན་བྱས་ནས། ཁོར་ཡུག་ཆེད་དམིགས་ལེགས་སྒྲིག་བྱ་འགུལ་སྤེལ་ཏེ། ཞན་ཆ་དུས་ལྟར་གསབ་དགོས། ཁ་མིན་དོན་གྱིས་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། དྲ་ལམ་དོ་དམ་ལེགས་བཅོས་དང་རྟིང་འཛིན་བྱེད་པ། ཁྲིམས་འགལ་གྱི་ཐབས་ལམ་སྤྱད་དེ་སྒྲིག་ཆས་གཞན་པ་སྤྱད་ནས་ལེ་ཚན་ཅི་རིགས་ལ་ལྟ་ཉན་བྱེད་པ་བཀག་ནས། ལེ་ཚན་ཚད་ལྡན་དང་འཕྲིན་ལམ་གཙང་དག་ཡོང་བར་འབད་མཐར། གྲུབ་འབྲས་གཡུར་དུ་ཟ་བའི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཞེས་བསྟན།