ཟླ་བརྒྱད་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་མཚོ་སྔོན་ནད་ཡམས་ཞིབ་བཤེར་ཅུའུ་རུ་སོང་ནས་བྱ་བར་རྟོག་ཞིབ་བྱས།
ཐེན་ཅིན་ཁྲིན་སྔ་གཞུག་ཏུ་ནད་ཡམས་ཞིབ་བཤེར་ཚོམས་ཆེན་དང་སྡེ་ཁག་རིག་གནས་ཁྱམས་རིང་། ལག་རྩལ་ལྟེ་གནས། ཁོངས་གཏོགས་ཚོད་ལྟའི་ཐོག་ཁང་སོགས་སུ་སོང་ནས་ཞིབ་ཕྲའི་ལྟ་ཞིབ་བྱས་རྗེས། ནད་ཡམས་ཞིབ་བཤེར་ཅུའུ་ཡི་ལས་བྱེད་པར་མཚམས་འདྲི་བྱས་པ་དང་ནད་ཡམས་ཞིབ་བཤེར་ཅུའུ་ཏང་ཙུའུ་ཡི་བྱ་བའི་ཡར་ཞུར་ཉན། ཁོས་བསྟན་དོན། ནད་ཡམས་ཞིབ་བཤེར་ཅུའུ་ཏང་ཙུའུ་ཡིས་རང་འགུལ་གྱིས་བྱེད་ཐབས་སྤྱད་པ་དང་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ་ནུས་ཡོད་སྒོས་ཀྲུང་གོ་དང་ཡོ་རོབ་གླིང་བར་དུ་མེ་འཁོར་རྒྱུན་ལྡན་ཅན་འཁོར་སྐྱོད་བྱེད་པ་དང་མཚོ་སྔོན་གྱི་འདྲེ་ཚེར་མ་སྐྱེ་ལྡན་དངོས་ལེན་ཚོད་ལྟ་བྱེད་པ། རྒྱལ་ཁབ་རིམ་པའི་ཕྱིར་གཏོང་སྤུས་ཚད་དང་བདེ་འཇགས་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པ་སོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱས་ཏེ་གྲུབ་འབྲས་བཟང་བོ་བླངས་ཡོད་པ་དང་། བྱེད་ནུས་འདོན་སྤེལ་བཟང་བོ་བྱས་ཏེ་ནུས་ཡོད་སྒོས་མཚོ་སྔོན་གྱི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་ནུས་ཡོད་སྒོས་ནད་ཡམས་ཞིབ་བཤེར་རྣམ་པ་མཐོར་འདེགས་བཏང་ཡོད་ཟེར།
ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན། གོ་རིམ་རྗེས་མར། ནད་ཡམས་ཞིབ་བཤེར་ཅུའུ་ཡིས་ཕྱོགས་བཞིའི་ཐད་ཀྱི་བྱ་བ་འབུར་དུ་ཐོན་པར་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་དགོས། གཅིག་ནས་ཆབ་སྲིད་གླེང་བའི་མཐོ་ཚད་ནས་ནད་ཡམས་ཞིབ་བཤེར་བྱ་བ་དམ་འཛིན་བྱེད་དགོས་པ་དང་འདུ་ཤེས་བརྟན་པོར་འཛུགས་པ། གཟབ་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་དགོས་པར་མ་ཟད། གསུང་བཤད་དགོངས་དོན་དང་མཛུབ་སྟོན་གྱིས་ནད་ཡམས་ཞིབ་བཤེར་བྱ་བར་སྐུལ་འདེད་གཏོང་དགོས། གཉིས་ནས་མུ་མཐུད་དུ་ལས་བྱེད་པའི་དཔུང་སྡེའི་འཛུགས་སྐྲུན་དང་ཉིན་རྒྱུན་གྱི་དོ་དམ་གསོ་སྦྱོང་བྱ་བར་ཤུགས་བསྣན་ཏེ་ལས་བྱེད་པའི་དཔུང་སྡེའི་སྤུས་ཚད་མཐོར་འདེགས་གཏོང་བ་བརྒྱུད་ནས་ལས་སྒོའི་ཆུ་ཚད་མཐོར་འདེགས་གཏོང་དགོས། གསུམ་ནས་གཅིག་གསུམ་གཅིག་གི་དམིགས་འབེན་ལ་དམིགས་ནས་ཧུར་ཐག་གིས་ས་གནས་འཕེལ་རྒྱས་དང་སྦྲེལ་མཐུད་བྱེད་དགོས་པ་དང་རྒྱུན་ཆད་མེད་པར་རྣམ་པ་གསར་བ་དང་རེ་བ་གསར་བར་དམིགས་ནས་ནད་ཡམས་ཞིབ་བཤེར་བྱ་བ་དམ་འཛིན་དང་དོན་འཁྱོལ་བྱེད་དགོས། བཞི་ནས་ད་ཡོད་བྱ་བའི་རྨང་གཞིའི་སྟེང་ཕྱོགས་བསྡུས་འགན་སྲུང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས་པ་དང་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་ནད་ཡམས་ཞིབ་བཤེར་བྱ་བའི་ལས་འགན་ལག་བསྟར་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཞུགས་ཏེ་མཚོ་སྔོན་གྱི་ཁེ་ལས་སྔར་ལས་འཕེལ་རྒྱས་འགྲོ་བར་རོགས་འདེགས་བྱས་ཏེ། མཚོ་སྔོན་རྒྱུད་གཅིག་ལམ་གཅིག་གི་འཕེལ་རྒྱས་འཐབ་ཇུས་ཁྲོད་ཞུགས་པར་སྐུལ་འདེད་གཏོང་བ་སོགས་ཕྱོགས་ཀྱི་བྱ་བར་བྱས་རྗེས་སྔར་ལས་བཟང་བོ་འཇོག་དགོས་ཟེར།