མཚོ་སྔོན་ཞིང་ཆེན་གྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ལྟ་སྐུལ་བྱེད་ཞོར་དུ་དག་བཅོས་བྱེད་པའི་བྱ་བ་བརྟན་བརླིང་ངང་སྤེལ།
2017.08.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་བདུན་པ་མཚོ་སྔོན་དུ་ཡོང་བའི་ཚུན་ནས། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཧ་ཅང་མཐོང་ཆེན་བྱེད་པ་དང་། མི་ཤུགས་དང་དག་ཐེར་ལེགས་བཅོས་ལ་སྔར་ལས་ཤུགས་སྣོན་པ། མྱུར་དུ་འགུལ་སྐྱོད་དང་ཐབས་མང་མཉམ་སྤྱོད་བྱེད་པ། མྱུར་དུ་ལག་བསྟར་དང་དག་བཅོས་བྱས་ནས། ལྟ་སྐུལ་བྱེད་ཞོར་དུ་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་བརྟན་བརླིང་ངང་སྤེལ།

ཟི་ལིང་གྲོང་ཁྱེར་གྱི་མཁར་ཤར་ཁུལ་དང་མཁར་དཀྱིལ་ཁུལ། མཁར་བྱང་ཁུལ་བཅས་ཀྱིས་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན། ཡང་བསྐྱར་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ལྟ་ཞིབ་ཆེད་དོན་གྲོས་ཚོགས་བསྡུས་ནས། ཁུལ་སོ་སོའི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ནས་ཡར་ཞུ་བྱས་པའི་གནད་དོན་གཙོ་བོ་དག་བཅོས་བྱེད་པའི་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས་པ་དང་། མཁར་ནུབ་ཁུལ་གྱིས་ལྟ་ཞིབ་ཡུལ་དངོས་གྲོས་ཚོགས་ཐེངས་མང་བསྡུས་ནས། ལྟ་སྐུལ་བྱེད་ཞོར་དུ་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བའི་ཐད་ནས་བཀོད་སྒྲིག་བྱས་པ་དང་། བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་པ་དང་དག་ཐེར་ལེགས་བཅོས་བྱེད་པར་དམ་འཛིན་བྱས་ལ། སྒྲིག་ལམ་རྩད་གཅོད་ཐད་ནས་གཟབ་ནན་བྱས་པ་མ་ཟད། མྱུར་དུ་ལག་བསྟར་བྱེད་པ་དང་མྱུར་དུ་དག་ཐེར་ལེགས་བཅོས་བྱེད་པ། ལྟ་སྐུལ་བྱེད་ཞོར་དུ་དག་ཐེར་ལེགས་བཅོས་བྱས་ཏེ། དག་ཐེར་ལེགས་བཅོས་ཐད་སྔར་ལས་ཤུགས་བསྣན།

མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་འབྲེལ་ཡོད་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བརྡ་སྦྱོར་སྤེལ་བ་དང་། འགན་སྲུང་མགོ་ཁྲིད་ཚན་ཆུང་དང་མཐུན་སྦྱོར་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་གཞི་བསྒྲུབ་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས་ཏེ། མཚོ་ཤར་གྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་གནད་དོན་དག་ཐེར་ལེགས་བཅོས་དེ་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པ་དང་། ཆེད་དོན་མི་བཀོད་སྒྲིག་བྱས་ནས་དུས་ཚོད་ཉེར་བཞིའི་རིང་དང་ལེན་བྱེད་པ། གྱོད་གཞི་ཡོད་ཚད་ཉིན་ལྔའི་ནང་བསྒྲུབ་ཚར་བར་བྱས་ནས། གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་དངོས་འབེབས་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

མཚོ་ནུབ་ཁུལ་གྱིས་ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་འཕྲིན་བཅར་གནད་དོན་གཅིག་ཀྱང་མ་ལུས་པར་ཡར་ཞུ་བྱེད་པའི་ལམ་ལུགས་བཙུགས་ནས། ས་ཆོ་སོ་སོའི་འཕྲིན་བཅར་སྡེ་ཁག་གིས་ཉིན་རེའི་ཕྱི་དྲོའི་དུས་ཚོད་བཞིའི་སྔོན་དུ། ཉིན་དེར་དང་ལེན་བྱས་པའི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འཕྲིན་བཅར་བྱ་བ་ཡར་ཞུ་བྱེད་དགོས་པའི་རེ་བ་བཏོན།
མཚོ་ལྷོ་ཁུལ་གྱིས་བཙོག་ཅུ་ཐག་གཅོད་བཟོ་གྲྭ་དང་གད་སྙིགས་འཇུག་ར། གཏེར་རིའི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་འགྲམ་རྒྱུད་ཀྱི་བཀོལ་སྤྱོད་བྱེད་ཀྱིན་མེད་པའི་རྡོ་ཟེགས་བཟོ་གྲྭ ཆོག་མཆན་མ་བཀོད་གོང་ལ་འཛུགས་སྐྲུན་བྱས་པའི་བཟོ་གྲྭ་དང་བཙོག་ཆུ། སྙིགས་རླངས། ལྕགས་རིགས་ཀྱི་བཙོག་བཟོ་མགོ་ཁུངས་སོགས་ཁྲིམས་འཛིན་ཞིབ་བཤེར་བྱེད་སའི་གཙོ་བོར་བྱས་ནས། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་བརྟན་བརླིང་ངང་སྤེལ།

མཚོ་བྱུང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ་ཧེ་ཡན་རྫོང་དུ་སོང་ནས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་བརྒྱུད་སྤྲོད་བྱས་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་བསྒྲུབ་པར་ལྟ་སྐུལ་མཛུབ་སྟོན་བྱས་ནས། ཁུལ་གོང་འོག་ཡོངས་ནས་ལྟ་སྐུལ་བྱེད་ཞོར་དུ་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་བཅོས་སྐྱོང་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་བརྟན་བརླིང་ངང་སྤེལ་དགོས་པའི་རེ་བ་བཏོན།

མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་གྱི་ཐིན་ཀྲང་ཡོ་ཁོན་དབྱི་དང་ཐིན་ཀྲང་གཞོན་པ་ཡོ་ཐེན་ཝེ་ཡིས་གྲུབ་པའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་གྱི་གད་སྙིགས་དང་བཙོག་ཆུ་ཡོད་སའི་ཁོར་ཡུག་ལ་བཅོས་སྐྱོང་བྱེད་པའི་བྱ་བའི་ཐད་ནས་ཆེད་དོན་ལྟ་ཞིབ་བྱས།