ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་མ་ལག་བྱ་བའི་གྲོས་ཚོགས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཝང་ཡུས་ཡན་གྲོས་ཚོགས་སྟེང་ཞུགས་ནས་གཏམ་བཤད།
ཝང་ཡུས་ཡན་གྱིས་བསྟན་དོན། ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་མ་ལག་གིས་ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་བྱ་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ཏེ། ལྟེ་གནད་དཀྱིལ་སྙིང་དུ་འཛིན་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ལས་རིམ་ཁག་སོ་སོའི་བྱ་བར་འཕེལ་རྒྱས་གསར་བ་བྱུང་། ཁོ་མོས་ནན་གྱིས་བསྟན་དོན། མ་འོངས་ཟླ་འགའི་རིང་གི་བྱ་བ་ཚང་མ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཞིང་ཆེན་ཏང་ཨུའི་ཏང་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གྲོས་ཚོགས་ཀྱི་དགོངས་དོན་ལྟར་དུ། སློབ་སྦྱོང་སློབ་གསོ་འབུར་ཐོན་ཡོང་བར་བྱེད་པ་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། གཞི་རིམ་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་བ། ལས་བྱེད་པའི་ལྟ་སྐུལ་དོ་དམ་བྱེད་ཤུགས་གཟབ་ནན་ཅན་དུ་གཏོང་བ། འཇོན་ཐང་མི་སྣའི་གསར་གཏོད་གསོན་ཤུགས་ལ་སྐུལ་སློང་བྱེད་པ་བཅས་ཕྱོགས་ལྔའི་ལས་དོན་གཙོ་བོ་དམ་འཛིན་བྱེད་དགོས། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་བཏང་ནས། ཆབ་སྲིད་བརྩི་རྒྱུ་ནི་བྱ་བའི་ཁ་ཕྱོགས་གསར་བར་བརྩིས་ཏེ། གནད་དོན་ཐག་གཅོད་པའི་ཆབ་སྲིད་བསམ་གཞིགས་སྟོབས་ལྡན་དུ་བསྒྱུར་དགོས་པར་མ་ཟད། བྱ་བ་སྤེལ་བའི་ཆབ་སྲིད་འགན་འཁྲི་ཕྲག་སྟེང་དུ་ལེན་ཕོད་དགོས། འགན་འཁྲི་གཙོ་བོར་དམིགས་གཏད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྩ་འཛུགས་བྱ་བའི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཤིང་། སྟོབས་དང་ལྡན་པའི་ལག་བསྟར་བྱེད་ཤུགས་ལ་བརྟེན་ནས་བྱ་བ་ཡར་ལྡན་དུ་སྤེལ་ནས། སྤུས་ཚད་མཐོན་པོའི་སྒོ་ནས་ད་ལོའི་འོས་འགན་གཙོ་བོ་ཡོངས་འགྲུབ་བྱེད་དགོས་ཟེར།
ཝང་ཡུས་ཡན་གྱིས་བླང་བྱ་བཏོན་དོན། རིམ་པ་སོ་སོའི་རྩ་འཛུགས་ལས་ཁུངས་ཀྱིས་གཟབ་ནན་དང་ཞིབ་ཚགས། བདེན་སྒྲུབ་བཅས་ཀྱི་བྱེད་ཕྱོགས་གཞིར་བཟུང་ནས་རྩ་འཛུགས་ལས་དོན་ཡར་ལྡན་དུ་སྤེལ་དགོས་ཤིང་། ཤུགས་ཆེན་པོས་སྒྱུར་བ་བཞི་སྟོབས་དང་ལྡན་པའི་སྒོ་ནས་སྤེལ་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་པར་རྩ་འཛུགས་ཀྱི་འགན་སྲུང་སྟོབས་ལྡན་ཞིག་འདོན་སྤྲོད་བྱེད་དགོས་ཟེར།