མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2017.08.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་བསྡུས་བསྒྲིགས་ཞེས་པར་སློབ་སྦྱོང་དང་བསམ་བློ་བརྗེ་རེས་བྱས་པར་མ་ཟད། གསར་དུ་དག་བཅོས་གཏན་འབེབས་བཟོས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད།

ཏང་ཙུའུ་ཁོངས་མི་ཝང་ཡུས་པོ་དང་ཡན་ཅིན་ཧེ། ཀའོ་ཧྭ། ཧན་ཅན་ཧྭ། ཐེན་ཅིན་ཁྲིན། ཀྲང་ཧུང་ཡོན་བཅས་གྲོས་ཚོགས་སྟེང་ཞུགས་ནས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་བྱས། ཁོང་ཡུང་དང་ཝང་ལིས་མེན། ཡང་ཧྥིན་ཁྲོན། ཝང་ཀྲིན་ཧྲིན་བཅས་ཀྱིས་ཡིག་ཐོག་གི་སློབ་སྦྱོང་མྱོང་ཟིན་ཡར་སྤྲད།

གྲོས་ཚོགས་ལས་བསྟན་དོན། ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་བསྡུས་བསྒྲིགས་ཀྱིས་ཁྱོན་ཡོངས་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཇི་ལྟར་བལྟ་དགོས་པ་དང་། ཇི་ལྟར་བྱས་ཏེ་བསྒྲུབ་དགོས་པའི་གནད་དོན་ལ་ལན་ཡང་དག་བཏབ་ཡོད་པར་མ་ཟད། ང་ཚོར་མི་དམངས་གཞི་རྩ་ཡིན་པའི་སྲོག་ཤིང་གི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་དང་། འཕེལ་རྒྱས་གསར་བའི་འདུ་ཤེས་ཡིད་ལ་བརྟན་པོར་ཉར་ནས་ལག་ལེན་དོན་འཁྱོལ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་རུང་བསྟུན་དང་སྣེ་སྟོན་བྱེད་པར་གོ་བ་ཡང་དག་འདྲོངས་པར་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་ཡར་ལྡན་དུ་སྤེལ་བ་བཅས་ཀྱི་ཐད་མཛུབ་སྟོན་དོན་སྙིང་གལ་ཆེན་ལྡན་ཟེར།

གྲོས་ཚོགས་ལས་བསྟན་དོན། དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པར་ཆབ་སྲིད་ཀྱི་རང་བཞིན་ཤུགས་དྲག་ཅིག་དགོས་པ་དང་། ཆབ་སྲིད་ལ་བརྟེན་ནས་དཔལ་འབྱོར་གླེང་བའི་བྱེད་ཕྱོགས་ཁ་མ་བྲལ་བར་བྱེད་དགོས། ཆབ་སྲིད་དང་ཁ་བྲལ་བའི་དཔལ་འབྱོར་ཞིག་རྩ་བ་ནས་མེད་པ་ནང་བཞིན། དཔལ་འབྱོར་ལ་ཁ་བྲལ་བའི་ཆབ་སྲིད་ཅིག་ཀྱང་གཞར་ནས་མེད། དཔལ་འབྱོར་ལས་དོན་ཐམས་ཅད་ལ་ཆབ་སྲིད་ཀྱི་མཐོང་སྣེ་ནས་བསམ་གཞིགས་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་དང་དཔལ་འབྱོར་རིག་པའི་ལྡེ་མིག་བཀོལ་སྤྱོད་གང་ལེགས་བྱས་ཏེ། ཆོས་ཉིད་ལ་བརྩི་སྲུང་བྱེད་པ་དང་རྩོད་སྒྲུབ་རིག་པ་བཀོལ་སྤྱོད་བྱེད་པ། འཕེལ་རྒྱས་ཁྲོད་གནས་པའི་དཀའ་ཁག་དང་གནད་དོན་ཐག་གཅོད་གསལ་འདོན་བྱེད་པ། ཕྱོགས་གཉིས་སུ་མ་ལྷུང་བའི་སྒོ་ནས་གནས་སྟངས་ལ་བལྟ་ཤེས་དགོས། ལྟ་བ་གཙོ་བོ་གཞིར་བཟུང་ནས་བྱ་བ་ཡར་ལྡན་དུ་སྤེལ་དགོས། བྱེད་ཐབས་རིག་པར་བརྟེན་ནས་དངོས་འབེབས་བྱ་བ་དམ་པོར་འཛིན་དགོས། ནན་ཏན་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱེད་པ་དང་ཁྱད་པར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་བཏོན་པའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་དགོས། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་གཏན་འབེབས་བཟོས་པའི་དམིགས་འབེན་འགན་འཁྲི་ལྟར་དུ་མཚོ་སྔོན་གྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། རྒྱུན་ཆད་མེད་པའི་སྒོ་ནས་སྲིད་གཞུང་གི་ཁྲིམས་ལྟར་སྲིད་འཛིན་བྱེད་ཤུགས་ཇེ་མཐོར་གཏོང་བ་དང་། ཚན་རིག་ཇུས་ཆོད་ཇེ་མང་དུ་གཏོང་བ། ཕན་འབྲས་ལྡན་པའི་བཅོས་སྐྱོང་བྱེད་ནུས་ཇེ་དྲག་ཏུ་གཏོང་དགོས། འཕེལ་རྒྱས་ནི་འོས་འགན་དང་པོ་དང་བརྟན་འཇགས་ནི་འགན་འཁྲི་དང་པོ་ཡིན་པ། བདེ་འཇགས་ནི་ཚད་གཞི་དང་པོ་ཡིན་པ། ཁོར་ཡུག་སྲུང་སྐྱོབ་ནི་འཛིང་རགས་དང་པོ་ཡིན་པ་བཅས་ཀྱི་ངོས་ནས་ལས་དོན་ཡོད་རྒུ་དམ་པོར་འཛིན་དགོས། ཡོད་ཚད་མི་དམངས་ལ་བརྟེན་པ་དང་ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ། མི་དམངས་སྲོག་ཤིང་ཡིན་པའི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བའི་གཏན་ཚིགས་ལ་གོ་བ་ཡང་དག་ལེན་ཐུབ་དགོས་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱེད་ཐབས་ལ་གོ་བ་རྟིང་ཚུགས་པ་ལོན་ཐུབ་དགོས། འཕེལ་རྒྱས་གསར་བའི་འདུ་ཤེས་ཀྱི་ཁ་ཕྱོགས་ལ་འདྲིས་ཆ་ཡོད་དགོས། བརྟན་འཇགས་ཀྱི་ཁྲོད་ནས་ཡར་རྒྱས་བསྙེག་པའི་གདངས་དབྱངས་གཙོ་བོར་ངེས་ཤེས་ཟབ་མོ་ཡོད་དགོས། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྐྱེ་ཁམས་སྔོན་དུ་འགྲོ་དགོས་པ། ལྗང་མདོག་འཕེལ་རྒྱས་ཀྱི་འཕེལ་ཕྱོགས། སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་མོ་བསྐྲུན་པའི་འདུ་ཤེས་བཅས་ལ་གོ་བ་མཐིལ་ཕྱིན་པ་ཞིག་བླངས་པ་བརྒྱུད་དེ། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཕན་ཚུན་གསབ་རེས་བྱེད་པའི་རྣམ་པ་བཟང་བོ་དཀྱིལ་སྙིང་དུ་བཟུང་ནས། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་དགོས་ཟེར།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་པའི་ཚེས་ཉེར་དྲུག་ཉིན་གྱི་གཏམ་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་བཏོན་པའི། ཆབ་སྲིད་ཀྱི་དད་མོས་ཇེ་བརྟན་དུ་གཏོང་བ་དང་ཆབ་སྲིད་ཀྱི་བསམ་གཞིགས་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་བླང་བྱ་ལྟར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཁྲོད་ནས་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས། དྲིས་ལན་བཅས་འཚོལ་དགོས། རང་རྟོགས་སྒོས་སློབ་སྦྱོང་བྱེད་པ་དང་དུས་རྟག་པར་སློབ་སྦྱོང་བྱེད་པ། སློབ་སྦྱོང་བྱས་པ་བཀོལ་ཐུབ་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གསར་དུ་དག་བཅོས་གཏན་འབེབས་བཟོས་པའི་སྐོར་ཞིབ་སྲོལ་ཡིག་ནི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལག་ཆ་རྣོ་ངར་ལྡན་པ་ཞིག་ཡིན་པ་དང་། སྐོར་ཞིབ་བྱ་བའི་གཞི་རྩའི་ལམ་ལུགས་ཀྱི་ཆོས་ཉིད་ཀྱང་ཡིན། རང་སྟེང་གི་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྲིད་གཞུང་ཏང་ཙུའུ་དང་ཏང་ཙུའུ་ཁོངས་མིས་གནད་འགག་གྲངས་ཉུང་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་སྒྲིག་སྲོལ་དང་ཏང་ནང་ཁུལ་གྱི་བཅོས་ཁྲིམས་བླང་བྱ་ལྟར་དུ། སྣེ་ཁྲིད་དེ་སྲོལ་ཡིག་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས། ཆོས་ཉིད་དང་ཁྲིམས་སྲོལ་ལྟར་ལས་དོན་བསྒྲུབ་དགོས། ལམ་ལུགས་ལྟར་དབང་ཆ་བཀོལ་དགོས། བསམ་པའི་གཏིང་ན་ཏང་དང་མི་དམངས། འགན་འཁྲི། སྒྲིག་ཁྲིམས་ཡོད་པ་བཅས་བྱས་ནས། ཆབ་སྲིད་སྟེང་གི་གོ་རྟོགས་ཅན་དང་སློབ་སྦྱོང་སྟེང་གི་བསམ་པ་ཅན། སྤྱོད་གཙང་བཀའ་བརྩི་ཡི་མི་བཟང་བོ་ཞིག་ཏུ་འགྱུར་བར་བརྩོན་དགོས་ཟེར།