ཨ་ཆེན་གངས་རྒྱབ་ཀྱི་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ་ཟླ་འདིའི་ནང་འཁོར་སྐར་མཉམ་འབྲེལ་དྲ་རྒྱ་ཤར་གཏོང་བྱེད་རྒྱུ་རེད།
2017.08.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཨ་ཆེན་གངས་རྒྱབ་ཀྱི་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ་ཟླ་8པའི་ཚེས་29ཉིན་འཁོར་སྐར་མཉམ་འབྲེལ་དྲ་རྒྱ་དངོས་སུ་ཤར་གཏོང་བྱེད་རྒྱུ་ཡིན་པ་དང་། དེས་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཀྲུང་གོའི་མི་མེད་ཁུལ་ཆེན་པོ་བཞིའི་ཁྲོད་ཐོག་མར་མཉམ་འབྲེལ་དྲ་རྒྱའི་འཕྲིན་གཏོང་མངོན་འགྱུར་བྱས་ཏེ་འཛམ་གླིང་རང་བྱུང་ཤུལ་བཞག་ལ་འཛམ་གླིང་གིས་བལྟ་ཐུབ་རྒྱུ་ཡིན་པ་མཚོན་ཡོད།

ད་ལོའི་ཟླ་བདུན་པར། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་དེ་འཛམ་གླིང་ཤུལ་བཞག་ཁྲོད་བཞག་པའི་ཚུན་དུ། ཨ་ཆེན་གངས་རྒྱབ་ཀྱི་སྲོལ་རྒྱུན་འཕྲིན་གཏོང་དྲ་རྒྱ་དེ་མངོན་འགྱུར་བྱེད་དཀའ་བས་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་བྱ་བ་སྤེལ་བར་བཀག་རྒྱ་བཟོས། 2016ལོར། ཧྲིན་ཀྲིན་ཐེན་ཧའེ་འཛམ་གླིང་འཁོར་སྐར་འཕྲིན་གཏོང་ཚན་རྩལ་ཚད་ཡོད་ཀུང་ཟིས་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ལ་འཁོར་སྐར་ཁ་པར་སྒྲིག་ཆས་དང་གྲོན་དངུལ་བྱིན་པས་ཁ་པར་སྦྲེལ་མཐུད་བྱེད་ཐུབ་ནའང་། སྲུང་སྐྱོབ་ཁུལ་གྱི་དྲ་འཇུག་གནད་དོན་སྔར་བཞིན་ཐག་གཅོད་བྱེད་མ་ཐུབ། ད་ལོར། ཀྲུང་གོ་གློག་འཕྲིན་སྡེ་ཚོགས་འཁོར་སྐར་འཕྲིན་གཏོང་ཚད་ཡོད་ཀུང་ཟིས་ཧྲིན་ཀྲིན་འཁོར་སྐར་འཕྲིན་གཏོང་ཚད་ཡོད་ཀུང་ཟི་དང་ཧྲིན་ཀྲིན་ཐེན་ཧའེ་འཛམ་གླིང་འཁོར་སྐར་འཕྲིན་གཏོང་ཚན་རྩལ་ཚད་ཡོད་ཀུང་ཟི་དང་མཉམ་འབྲེལ་སྒོས་དྲ་འཇུག་གནད་དོན་ཐག་གཅོད་བྱེད་པའི་རྨང ་གཞིའི་སྟེང་རིམ་བཞིན་ཨ་ཆེན་གངས་རྒྱབ་དེ་རིག་ནུས་རང་བཞིན་གྱི་སྲུང་སྐྱོབ་ཁུལ་དུ་བསྐྲུན་རྒྱུའི་བསམ་ཚུལ་བཏོན། ད་ལྟ་འཁོར་སྐར་འཕྲིན་གཏོང་ལས་རིགས་གསུམ་པོས་འཁོར་སྐར་སྲ་བརྟན་ས་ཚིགས་ཀྱི་རྣམ་པ་སྤྱད་ནས་མཉམ་འབྲེལ་དྲ་རྒྱ་དེ་ཨ་ཆེན་གངས་རྒྱབ་ཏུ་སྦྲེལ་རྒྱུ་གཏན་འཁེལ་བྱས།

རྒྱུན་ལོན་བྱུང་བ་ལྟར་ན། དུས་རིམ་དང་པོའི་བཟོ་སྐྲུན་དེ་ཟླ8པའི་ཚེས་29ཉིན་ཡོངས་གྲུབ་བྱས་ཏེ་དངོས་སུ་ཤར་གཏོང་བྱེད་རྒྱུ་ཡིན་པ་དང་། སྐབས་ཐོག་དེར་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ་མཛད་སྒོ་བསྡུ་རྒྱུ་མ་ཟད། འཁོར་སྐར་མཉམ་འབྲེལ་དྲ་རྒྱ་དང་པེ་ཅིན་དང་ཧྲིན་ཀྲིན་གྱི་ཁེ་ལས་སྤྱི་ཁྱབ་པུའུ་དང་འབྲེལ་ཡོད་སྨྱན་བྱད་ལ་བརྟེན་ནས་ཡུལ་དངོས་བརྙན་ལམ་འབྲེལ་མཐུད་བྱེད་རྒྱུ་རེད།