མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏན་ཏན་ཏིག་ཏིག་གི་རེ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
2017.08.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲོན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་རྗེས་དམ་པརོ་བསྙེག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ལྟ་ཞིབ་བྱེད་སྐབས་གནང་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བསམ་བློར་གཅིག་གྱུར་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བ། འདུ་ཤེས་བཞི་བརྟན་པོ་འཛུགས་པ། ལག་བསྟར་ལ་དམ་འཛིན་བྱེད་པ་དང་མྱུར་དུ་འགུལ་སྐྱོད་བྱེད་པའི་ཁ་ཕྱོགས་གསལ་བོར་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་ཐད་ནས་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་བ་དང་། ཧུར་ཐག་གིས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱས་ཏེ། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས།

ཝང་གོ་ཧྲིན་གྱིས་གཏམ་བཤད་ཁྲོད་བསྟན་དོན། ན་ནིང་གི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞི་ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ལྟ་ཞིབ་བྱེད་སྐབས་གནང་བའི་གཏམ་བཤད་གལ་ཆེན་གྱིས། ང་ཚོའི་བསམ་བློ་ངོས་ཟིན་ཇེ་མཐོར་བཏང་བ་དང་། གནས་ཐིག་གཏན་ཁེལ་གསལ་བོ་བྱས་ལ། མདུན་བསྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན། ལོ་གཅིག་རིང་། ང་ཚོས་རང་རྟོགས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ལྟ་ཞིབ་བྱེད་སྐབས་གནང་བའི་གཏམ་བཤད་གལ་ཆེན་དགོངས་དོན་ལ་བརྟེན་ནས་ཀླད་པར་དྲག་ཆས་སྤྲོ་བ་དང་ལག་ལེན་ལ་མཛུབ་སྟོན་བྱས་ཏེ། ཞིང་ཆེན་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་བསླངས་པ་དང་། ས་ཆ་སོ་སོ་དང་སྡེ་ཁག་གིས་མྱུར་དུ་འགུལ་སྐྱོད་བྱས་པ་དང་། ལག་ལེན་མཐར་ཕྱིན་བྱེད་པར་དམ་འཛིན་བྱས་པས། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་གྱི་མཛུབ་སྟོན་ནུས་པ་དང་བདེ་ལུགས་ཀྱི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ཡོད་དེ། གཅིག་ནས་དཔལ་འབྱོར་འཁོར་རྒྱུག་སྤྱི་ཁོག་ནས་བརྟན་བརླིང་ཡིན་པ་དང་། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་སུ་སོང་ཡོད། གཉིས་ནས་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས། གསུམ་ནས་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་སྣང་སྔར་ལས་ཇེ་དྲག་ཏུ་བཏང་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ལོ་གཅིག་རིང་གི་སློབ་སྦྱོང་དང་ལག་ལེན་ཁྲོད་ང་ཚོའི་ངོས་ཟིན་ཇེ་མཐོ་དང་འགུལ་སྐྱོད་སྟེང་ནས་སྔར་ལས་རང་རྟོགས་ཡིན་པ། བྱ་བའི་ཁྲོད་ནས་གྲུབ་འབྲས་ལེན་ཐུབ་པའི་གནད་འགག་ནི་ནམ་ཡང་གཏམ་བཤད་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱས་པ། སེམས་ཁོང་གི་ཁ་ཕྱོགས་བརྟན་པ་དང་ལག་ལེན་ཐད་ནས་དམིགས་འབེན་ཡོད་པར་ཐུག་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་རྗེས་དམ་པོར་བསྙེག་ནས། མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ཁ་ཕྱོགས་བརྒྱུད་དེ་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས་ཏེ། གཅིག་ནས་གཏམ་བཤད་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་ཆབ་སྲིད་ཡིད་རྟོན་དུ་བསྒྱུར་ནས།ཡིད་ཆེས་བརྟན་པོ་བྱེད་པ་དང་དངོས་གནས་སློབ་སྦྱོང་བྱེད་པ། རྒྱུས་ལོན་གཏིང་ཟབ་བྱེད་པ། ལག་ལེན་མཐར་ཕྱིན་བྱེད་ཐུབ་པར་བྱེད་དགོས། གཉིས་ནས་གཏམ་བཤད་དགོངས་དོན་དང་མཚོ་སྔོན་གྱི་བྱ་བའི་བར་གྱི་ཟུང་འབྲེལ་བྱེད་ས་བཙལ་ནས། མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་བསམ་བློ་གསར་བ་དང་བར་སྟོང་གསར་བ་རྒྱ་བསྐྱེད་དགོས། གསུམ་ནས་སྤྱོད་ཚུལ་བསྒྱུར་བ་དང་། སྟོབས་ཤུགས་གཅིག་བསྒྲིལ་བྱེད་དགོས། བཞི་ནས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ཐད་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས། ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ལྟ་ཞིབ་བྱེད་སྐབས་གནང་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏན་ཏན་ཏིག་ཏིག་བཞི་རྒྱུན་འཁྱོངས་བྱེད་རྒྱུ་དེ་མཚོ་སྔོན་གྱི་མ་འོངས་པའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་དར་ཆ་རུ་བརྩིས་ནས། ཧུར་ཐག་གིས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས། གཏམ་བཤད་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ལྟ་ཞིབ་བྱེད་སྐབས་གནང་བའི་གཏམ་བཤད་གལ་ཆེན་སློབ་སྦྱོང་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་པའི་ཚེས་ཉེར་དྲུག་ཉིན་གྱི་གཏམ་བཤད་གལ་ཆེན་སློབ་སྦྱོང་བྱེད་པ། མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་བཅས་ཟུང་འབྲེལ་དམ་པོ་བྱེད་པ། ཆབ་སྲིད་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཆབ་སྲིད་བསམ་བློ་དང་ཆབ་སྲིད་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ། གཏམ་བཤད་དགོངས་དོན་སྤྱད་དེ་ལག་ལེན་ལ་སྣེ་ཁྲིད་བྱེད་པ་དང་བྱ་བར་སྐུལ་འདེད་གཏོང་བ། གནད་དོན་ཐག་གཅོད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་དགོས། བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། བསྒྱུར་བའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་བསྒྱུར་བའི་གྲུབ་འབྲས་ལ་དོ་སྣང་བྱེད་པ། བསྒྱུར་བའི་ཐད་ཀྱི་ཐོད་བརྒལ་བྱེད་ས་འཚོལ་བ། བསྒྱུར་བའི་རྒྱུ་སྤུས་དང་ཆུ་ཚད་མཐོར་འདེགས་བྱེད་པ། རང་འགུལ་སྒོས་བསྒྱུར་བ་དང་མགྱོགས་མྱུར་སྒོས་བསྒྱུར་ནས། ཧུར་ཐག་གིས་སྐྱེ་ཁམས་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་སྟེང་ནས་གོམ་སྟབས་གསར་བ་བསྒྱུར་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱེད་པའི་སྟེང་ནས་གྲུབ་འབྲས་གསར་བ་ལེན་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པའི་ཐད་ནས་མཆོངས་བརྒལ་གསར་བ་བྱེད་པ། སྐྱེ་ཁམས་ཐོན་སྐྱེད་འཚོ་བའི་ཐད་ཀྱི་འཁོར་བསྐྱོད་བཟང་བོ་གྲུབ་པར་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་ཐུབ་པར་བྱེད་དགོས་ཟེར།

ཚོགས་ཐོག་ཏུ། ཚོགས་ཞུགས་བློ་མཐུན་ཚོས་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ལྟ་ཞིབ་བྱེད་པའི་སྐབས་ཀྱི་གསར་འགྱུར་ལ་བལྟས། མགོ་ལོག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཡུས་ཀྲང་དང་ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཚེ་བརྟན་འབྲུག རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོནཔ་ཧི་ཝན་ཁྲིན། རྨ་ཆུའི་སྟོད་རྒྱུད་ཆུ་གློག་ཀུང་ཟིའི་ཏུང་ཧྲི་ཀྲང་ཞེ་ཞའོ་ཕེན། ཧུའུ་ཀྲུའུ་རྫོང་ཝུའུ་ཧྲི་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡིན་ཝན་ཨན། ན་གོར་མོ་གྲོང་ཁྱེར་གདང་ལ་རི་བོ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཀུན་དགའ་རྣམ་རྒྱལ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་སྨྱན་བྱད་གསར་བའི་རྒྱུད་སྒྲོག་ལྟེ་གནས་ཀྱི་ཀྲུའུ་རིན་ཧན་ཧོས་མེན། མཚོ་བྱང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ་སོགས་བློ་མཐུན་གྱིས་རང་སྟེང་བསམ་བློ་དང་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་བརྗེ་རེས་གཏམ་བཤད་སྤེལ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ། མཚོ་ལྷོ་ཁུལ། ཡུས་ཧྲུའུ་ཁུལ། རྨ་ལྷོ་ཁུལ་བཅས་ཀྱིས་ཚོགས་འདུར་དཔྱད་གཞིའི་ཡིག་ཆ་སྤྲད་དེ། ལོ་གཅིག་རིང་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་གསར་བ་དང་འགྱུར་ལྡོག་གསར་བར་སྤྱི་སྡོམ་བྱས་པ་དང་། བསྒྱུར་བ་བཞི་སྤེལ་བའི་གོ་རིམ་ཁྲོད་ཀྱི་ངོས་ཟིན་དང་འགུལ་སྐྱོད། གྲུབ་འབྲས་ཐད་ནས་བརྗེ་རེས་ཞིབ་བསྡུར་བྱས།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་དམག་ཁུལ། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་དམག་སྲིད་དཔོན་པོ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་ཁག་སོ་སོ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས། མཐོ་རིམ་སློབ་གྲྭ ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་འབྲེལ་ཡོད་ལས་ཁུངས། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།