ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་བཞི་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡང་ཧྥིན་ཁྲོན་སྔ་གཞུག་ཏུ་ཁྲི་ཀ་དང་ཀོས་ནན། རྨ་ཆེན། ཡུས་ཧྲུའུ། འབྲི་སྟོད། ཁྲི་འདུ། ཆུ་དམར་ལེབ་བཅས་རྫོང་དང་གྲོང་ཁྱེར་བརྒྱད་དུ་སོང་ནས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། མི་རིགས་ཆོས་ལུགས་དང་རྒྱང་སྒྲོག་བརྙན་འཕྲིན་ཁྱབ་ཁོངས་ཀྱིས་ངེས་པར་དུ་མ་མཐའི་བདེ་འཇགས་བྱ་བ་དམ་པོར་བཟུང་ནས། རང་རྟོགས་རང་འགུལ་ངང་འགན་འཁྲི་ལག་བསྟར་དང་འགན་གཙང་ལེན་བྱས་ཏེ། སྟོབས་ཤུགས་གང་ཡོད་བཏོན་ནས་ལས་དོན་གྱི་སྤྱི་ཕྱོགས་ལ་ཞབས་འདེགས་ཞུ་དགོས་ཞེས་བསྟན།
ཡང་ཧྥིན་ཁྲོན་གྱིས་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ཀྱི་འགལ་རྐྱེན་ལེགས་སྒྲིག་བཟང་བོར་བསྒྲུབ་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ཡར་ལྡན་དུ་སྤེལ་རྒྱུ་བཅས་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དངོས་ཡིན་ཞིང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་ཁ་ཚ་དགོས་གཏུག་གིས་བསྒྲུབ་དགོས་པའི་ལས་དོན་ཡང་ཡིན། དེ་མིན་ད་དུང་སྒྱུར་བ་བཞིའི་ངོས་ནས་ཏན་ཏན་ཏིག་ཏིག་བཞི་གཏིང་ཟབ་དུ་སྤེལ་བ་དང་། འགྲོས་མཉམ་པ་གཅིག་དང་སྔར་ལས་ལྷག་པ་བཞིའི་དམིགས་འབེན་མངོན་འགྱུར་བྱེད་པའི་ལག་ལེན་ཞིབ་ཕྲ་ཡང་ཡིན། ས་གནས་དང་སྡེ་ཁག་སོ་སོས་ངེས་པར་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། རང་སྟེང་གི་ད་ཡོད་གནས་ཚུལ་དངོས་ནས་རྐང་བཙུགས་ཏེ། མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་འཛུགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་གསར་གཏོད་བྱེད་པའི་འཇུ་ཐག་དང་འདེགས་དངོས། ནང་དོན་བཅས་སུ་བརྩིས་ནས། གསར་འཛུགས་ཕན་འབྲས་མངོན་གསལ་ཇེ་མཐོར་གཏོང་དགོས། ཆོས་ལུགས་བྱ་འགུལ་སྤེལ་ས་དང་རྒྱང་སྒྲོག་བརྙན་འཕྲིན་སྡེ་ཁག་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་་ཞིབ་དོ་དམ་བྱེད་ཤུགས་ཁ་མིན་དོན་གྱིས་ཇེ་དྲག་ཏུ་བཏང་ནས། སྤྱི་བའི་བདེ་འཇགས་ལ་གནད་དོན་མི་འབྱུང་བར་ཁག་ཐེག་བྱེད་དགོས། མི་རིགས་ཆོས་ལུགས་དང་རྒྱང་སྒྲོག་བརྙན་འཕྲིན་སོགས་སྡེ་ཁག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ་ནི་ཐུན་མོང་གི་འགན་འཁྲི་འདུ་ཤེས་གལ་ཆེན་ཞིག་ཡིན་པས། དད་ལྡན་མང་ཚོགས་ཀྱིས་དཔལ་ཡོན་དང་ལྡན་པའི་སྒོ་ནས་མཆོད་འབུལ་བྱེད་པར་སྣེ་སྟོན་དང་། གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྡེ་བ་དང་གྲོང་རྡལ་འཛུགས་སྐྲུན་བྱེད་རྒྱུ་དང་། མཛེས་པའི་ཞིང་སྡེ་འཛུགས་སྐྲུན་གཉིས་གཞི་གཅིག་ཏུ་སྦྲེལ་ནས། སྡེ་བ་དང་གྲོང་རྡལ་གྱི་ཁོར་ཡུག་སྲུང་སྐྱོབ་ལ་ཕྱོགས་བསྡུས་ལེགས་བཅོས་བྱེད་པའི་ནུས་པ་སྔར་ལས་མཐོར་འདེགས་གཏོང་དགོས། མདོར་ན་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་གཙོ་རྒྱུགས་སྨྱན་བྱེད་ཀྱི་ཡང་དག་པའི་སྒྲོག་འགྲེལ་དང་དྲིལ་སྒྲོག་གླེང་ཕྱོགས་བྱ་བར་བརྟེན་ནས། མཁའ་དབུགས་ལེགས་པོ་ཞིག་བསྐྲུན་པ་བརྒྱུད། མཛེས་པའི་མཚོ་སྔོན་འཛུགས་སྐྲུན་ལ་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་བྱེད་ནུས་འདོན་ཐུབ་དགོས་ཟེར།