ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཞིབ་དཔྱོད་ཚན་ཁག་སྐོར་ཐེངས་བདུན་པས་མཚོ་སྔོན་ཞིང་ཆེན་གྱི་མང་ཚོགས་སྐོར་མགོ་བཅོ་བརྒྱད་ཀྱི་ཡིག་སྐུར་ཞུ་གཏུག་དོན་རྐྱེན་གྱ་གསུམ་བརྒྱུད་སྤྲོད་བྱས།
2017.08.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཉིས་སྟོང་བཅུ་བདུན་ལོའི་ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཉིས་སྟེང་དུ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཞིབ་དཔྱོད་ཚན་ཁག་སྐོར་ཐེངས་བདུན་པས་མཚོ་སྔོན་ཞིང་ཆེན་གྱི་མང་ཚོགས་སྐོར་མགོ་བཅོ་བརྒྱད་ཀྱི་ཡིག་སྐུར་ཞུ་གཏུག་དོན་རྐྱེན་གྱ་གསུམ་བརྒྱུད་སྤྲོད་བྱས་ཤིང་། དེའི་ཁྲོད་དུ་ཟི་ལིང་གྲོང་ཁྱེར་ལ་ཞུ་གཏུག་དོན་རྐྱེད་ང་བཞི་དང་མཚོ་ཤར་གྲོང་ཁྱེར་ལ་ཞུ་གཏུག་དོན་རྐྱེན་ཉེར་བཞི། མཚོ་ནུབ་ཁུལ་ལ་ཞུ་གཏུག་དོན་རྐྱེན་གཉིས། ཡུས་ཧྲུའུ་ཁུལ་ལ་ཞུ་གཏུག་དོན་རྐྱེན་གཉིས། རྨ་ལྷོ་ཁུལ་ལ་ཞུ་གཏུག་དོན་རྐྱེན་གཅིག་བཅས་ཡོད། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཞིབ་དཔྱོད་ཚན་ཁག་གིས་གནད་སའི་དོན་རྐྱེན་ལྔ་ལ་ཐུགས་སྣང་ཆེན་པོ་མཛད་ཅིང་། དེའི་ཁྲོད་ཟི་ལིང་གྲོང་ཁྱེར་གྱི་ཞུ་གཏུག་དོན་རྐྱེན་གཉིས་དང་མཚོ་ཤར་གྲོང་ཁྱེར་གྱི་ཞུ་གཏུག་དོན་རྐྱེན་གསུམ་ཚུད་ཡོད། མིག་སྔའི་བར་དུ་ཁྱོན་བསྡོམས་མང་ཚོགས་ཀྱི་ཡིག་སྐུར་ཞུ་གཏུག་དོན་རྐྱེན་སྟོང་གཅིག་དང་ཉིས་བརྒྱ་གོ་གསུམ་འབྱོར་ཡོད།