ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ནས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས
2017.09.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 3

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་གྲོས་ཚོགས་བསྡུས་ནས། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བའི་གྲ་སྒྲིག་བྱ་བར་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ2017ལོའི་ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན་པེ་ཅིན་ནས་བསྡུ་རྒྱུ་ཐག་བཅད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ2017ལོའི་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་པེ་ཅིན་ནས་འཚོག་པའི་གྲོས་གཞི་འདོན་རྒྱུ་རེད།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ་ནི། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་དུས་རིམ་དང་། ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་སུ་གཏོང་བའི་གནད་འགག་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། ཚོགས་འདུས་ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་བསམ་བློ། ཏིན་ཞའོ་ཕིང་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་མཛུབ་སྟོན་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་བསམ་བློ་གསར་བ་དང་འདུ་ཤེས་གསར་བ། འཐབ་ཇུས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ། འདས་ཟིན་པའི་ལོ་ལྔ་རིང་གི་བྱ་བར་སྤྱི་སྡོམ་ནན་མོ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ལོ་རྒྱུས་བརྒྱུད་རིམ་དང་ཉམས་མྱོང་རྩ་ཆེན་སྤྱི་སྡོམ་བྱེད་པ། མིག་སྔའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་རེ་བ་གསར་བ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་བར་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པ། དུས་རབས་ཀྱི་རེ་བ་དང་མཐུན་པའི་འགུལ་སྐྱོད་རྩ་གནད་དང་སྲིད་ཇུས་བྱེད་ཕྱོགས་གཏན་འབེབས་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་ཆེས་དང་གཞུང་ལུགས་ཡིད་ཆེས། རིག་གནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བར་སྐུལ་སློང་བྱེད་པ། མུ་མཐུད་དུ་གཅིག་གྱུར་སྒོས་གནས་ལྔ་གཞི་གཅིག་གི་སྤྱི་ཁོག་གི་གྲུབ་ཚུལ་དང་མཐུན་སྦྱོར་ངང་ཁྱོན་ཡོངས་བཞིའི་འཐབ་ཇུས་གྲུབ་ཚུལ་སྤེལ་བ། མུ་མཐུད་དུ་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་སྤེལ་བཅས་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། ཧུར་ཐག་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་ཆེད་འབད་འཐབ་བྱེད་དགོས་ཟེར།

ཚོགས་ཐོག་ནས་སྐབས་གསར་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་རྒྱུ་རེད།

ཚོགས་ཐོག་ནས་བསྟན་དོན། མིག་སྔར་ཚོགས་ཆེན་སྔོན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བདེ་བླག་ངང་སྤེལ་བཞིན་ཡོད་པ་དང་། མུ་མཐུད་དུ་བརྟན་བརླིང་ངང་ཚོགས་ཆེན་སྔོན་གྱི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་ནས། ཚོགས་ཆེན་རྒྱལ་ཁའི་ངང་བསྡུ་བར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།