མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དངུལ་རྩ་བྱ་བའི་གྲོས་ཚོགས་བསྡུས།
2017.09.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དངུལ་རྩ་བྱ་བའི་གྲོས་ཚོགས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩ་བྱ་བའི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་དང་། རྒྱལ་ཡོངས་དངུལ་རྩ་བྱ་བའི་གྲོས་ཚོགས་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་པ་དང་འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ། བྱ་བའི་ཁ་ཕྱོགས་གསལ་བོར་བཟོ་བ་དང་བྱ་བའི་གནད་སར་གོ་བ་ཡང་དག་ལེན་པ། བྱ་བའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་བཅས་ལ་འབད་དེ། དངུལ་རྩའི་ལས་རིགས་ཀྱིས་ཏན་ཏན་ཏིག་ཏིག་བཞི་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། སྒྱུར་བ་བཞི་མངོན་འགྱུར་ཁྲོད་ནས་འཕེལ་རིམ་གསར་བ་དང་ཕན་འབྲས་གསར་བ་ལོན་པར་བྱས་མཐར། གྲུབ་འབྲས་གཡུར་དུ་ཟ་བའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཞེས་བསྟན།

ཝང་གོ་ཧྲིན་གྱིས་གཏམ་བཤད་ཁྲོད་དུ་མིག་སྔའི་མཚོ་སྔོན་གྱི་དངུལ་རྩ་ལས་རིགས་འཕེལ་རྒྱས་ཀྱིས་བླངས་པའི་གྲུབ་འབྲས་དང་ཁ་གཏོད་དགོས་པའི་འགན་འཁྲིའི་གནས་སྟངས་ལ་དབྱེ་ཞིབ་རྟིང་ཐག་ཆོད་པ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་རྒྱ་ཆེ་བའི་དངུལ་རྩའི་ལས་རིགས་ཁྱབ་ཁོངས་ཀྱི་བློ་མཐུན་རྣམས་ལ་བཀའ་དྲིན་ཟོལ་མེད་དང་གུས་འདུད་བླ་མེད་ཞུས།

ཝང་ཅན་ཅོན་གྱིས་གཏམ་བཤད་ཁྲོད་བསྟན་དོན། དངུལ་རྩས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཟིན་པའི་གོ་གནས་དང་བཏོན་པའི་བྱེད་ནུས་ལ་གོ་བ་ཡང་དག་ལེན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་རྩ་བྱ་བའི་ཇུས་ཆོད་བཀོད་སྒྲིག་རབས་དང་རིམ་པ་ལག་ལེན་མཐར་ཕྱིན་བྱས་ཤིང་། དངུལ་རྩའི་སྲིད་ཇུས་ནུབ་རྒྱུད་ས་ཁུལ་དུ་ཁྱབ་པར་བྱེད་པ་དང་། དངུལ་རྩའི་ཐོན་ཁུངས་རྒྱུད་གཅིག་ལམ་གཅིག་འགྲམ་རྒྱུད་ནས་གཅིག་བསྡུས་འབྱུང་བའི་གོ་སྐབས་དམ་པོར་བཟུང་ནས། བར་མ་ཆད་པའི་སྒོ་ནས་དངུལ་རྩ་ལས་རིགས་ཀྱི་འཛུགས་མ་ལག་དང་ཁྲོམ་རའི་མ་ལག ཞབས་ཞུའི་མ་ལག ལྟ་སྐུལ་དོ་དམ་མ་ལག་བཅས་ཀྱི་འཛུགས་སྐྲུན་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་ཤུགས་བསྣན། དངུལ་རྩ་ནི་མཚོ་སྔོན་གྱི་ཐོན་ལས་གདུང་མ་གསར་བ་ཡིན་ལ། དངུལ་རྩ་བཅོས་སྒྱུར་འཕེལ་རྒྱས་བྱ་བའི་རྣམ་པ་བཟང་བོ་མངོན་དུ་གྱུར་བར་མ་ཟད། བཀོད་འདོམས་ལས་རིམ་ཁ་ཤས་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ཡོད་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ཉེ་བའི་དངུལ་རྩ་བཅོས་སྒྱུར་འཕེལ་རྒྱས་ཀྱི་བཞུད་ལམ་ལ་ཕྱིར་མིག་ཅིག་འཕངས་ཚེ། ང་ཚོར་དངུལ་རྩ་འཛིན་པ་ནི་དཔལ་འབྱོར་འཛིན་པ་དང་ཁྱད་མེད་ཡིན་ལ། དངུལ་རྩ་འཛིན་པ་ནི་སྒུལ་ཤུགས་སྣོན་པ་དང་ཁྱད་མེད་ཡིན་པ། དངུལ་རྩ་འཛིན་པ་ནི་དམངས་ཚིས་བཟང་བོར་བསྒྲུབ་པ་དང་ཁྱད་མེད་ཡིན་པ། དངུལ་རྩ་འཛིན་པ་ནི་ཁོར་ཡུག་ལེགས་བཅོས་དམ་པོར་འཛིན་པ་དང་ཁྱད་མེད་ཡིན་པའི་མྱོང་བ་ཞིག་བཅོས་མིན་དུ་སྟེར་བར་བྱེད་པ་དེ་ཡིན་ཟེར།

ཝང་ལིས་མེན་གྱིས་སྤྱི་སྡོམ་གཏམ་བཤད་ཁྲོད་དུ་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་ཞེས་བསྟན་པ་དང་། སློབ་སྦྱོང་སྔར་ལས་གཏིང་ཟབ་དུ་གཏོང་བ་དང་། ཁ་མིན་དོན་གྱིས་བསམ་བློ་གཅིག་གྱུར་གྱི་གལ་ཆེན་རང་བཞིན་ཤེས་སུ་འཇུག་དགོས། ཁ་མིན་དོན་གྱིས་དངུལ་རྩ་བྱ་བའི་གལ་ཆེན་རང་བཞིན་ལ་གོ་བ་ཡང་དག་ལེན་དགོས། ཞིང་ཆེན་ཡོངས་ཀྱི་དངུལ་རྩ་བྱ་བའི་རྣམ་པ་དང་སྤྱིའི་བཀོད་འགྲེམ། ཆོས་ཉིད་གཙོ་བོ། དངུལ་རྩ་ཞབས་ཞུའི་དངོས་ཕུང་དཔལ་འབྱོར་གྱི་གཞི་རྩའི་དམིགས་འབེན་བཅས་ལ་གོ་བ་མ་ནོར་བླངས་ནས། དངུལ་རྩའི་སྐོར་གྱི་ཉེན་འགོན་ཉེན་སེལ་དང་ཚོད་འཛིན་བྱ་བ་གཙོ་གནད་དུ་འཛིན་དགོས་ཟེར།

ཚོགས་ཐོག་ནས་ཝང་ལིས་མེན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩས་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྔོན་ཐོན་ས་ཁུལ་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་བྱ་དགའ་སྟེར་བའི་ཐག་གཅོད་ཅེས་པ་བསྒྲགས་ཏེ། ཚོགས་ཞུགས་མགོ་ཁྲིད་བློ་མཐུན་གྱིས་ལས་ཁུངས་དང་མི་སྒེར་ལ་བྱ་དགའ་བྱིན།
མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ལིག་ཉིན་དང་ཝང་ཞའོ། ཐིན་ཅཱ་ཚའེ། ཀྲང་ཞི་མེན། ཝང་ཡུས་ཡན། ཡུས་ཚུང་ལི། ཚའོ་ཧུང་། ཀོ་ཧྭ། ཧན་ཅིན་ཧྭ། ཡང་ཧྥིན་ཁྲོན། ཀྲང་ཧྲིག་ཁྲིན་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།