མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ཁེ་ལས་ཏང་འཛུགས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།
2017.09.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ཁེ་ལས་ཏང་འཛུགས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་གོ་ཧྲིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་རྒྱལ་དབང་ཁེ་ལས་ཏང་འཛུགས་བྱ་བའི་གྲོས་ཚོགས་སྟེང་གི་གསུངས་བཤད་གལ་ཆེན་གྱིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་བར་མ་ཟད། ཏང་གི་སྲིད་འཛིན་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་ཏང་གི་སྲིད་འཛིན་གོ་གནས་ཇེ་མཐོར་བཏང་ནས། རྒྱལ་དབང་ཁེ་ལས་དང་འབྲེལ་བའི་བཅོས་སྒྱུར་འཕེལ་རྒྱས་དང་ཏང་འཛུགས་སྐོར་གྱི་གཞུང་ལུགས་ག་ལཆནེ་དང་ལག་ལེན་གནད་དོན་ལ་ཨ་ལན་ཡང་དག་བཏབ་ཡོད་པ་ལས་གཞན། གསར་གཏོད་རང་བཞིན་དང་ཐོད་བརྒལ་རང་བཞིན་གྱི་གཞུང་ལུགས་བསམ་བློ་དང་སྲིད་ཇུས་བྱེད་ཕྱོགས་སྐོར་ཞིག་བཏོན་ནས། ང་ཚོར་རྒྱལ་དབང་ཁེ་ལས་ཏང་འཛུགས་བྱ་བའི་སྐོར་ནས་ཁ་ཕྱོགས་གསལ་བོ་བསྟན་མཐར། གཞི་རྩའི་ཆོས་ཉིད་འདོན་སྤྲོད་བྱས་ཡོད་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ནན་ཏན་སྒོས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་སྔོན་གྱི་རྒྱལ་དབང་ཁེ་ལས་ཏང་འཛུགས་བྱ་བའི་གནད་ས་དམ་པོར་འཛིན་དགོས། མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དངོས་དང་ཟུང་དུ་སྦྲེལ་ནས། ཕན་འབྲས་ལྡན་པའི་དོ་དམ་བྱེད་ཐབས་སྤྱད་དེ། རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་བྱ་བ་ཡར་ལྡན་དུ་སྤེལ་བར་ཤུགས་སྣོན་དགོས། གཅིག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་རྒྱལ་དབང་ཁེ་ལས་ལམ་ལུགས་འཐུས་ཚང་བཙུགས་ཏེ་ཏང་འཛུགས་བྱ་བར་ཤུགས་སྣོན་དགོས། གཉིས་ནས་སྤྱོད་ལམ་མཐོ་བའི་རྒྱལ་དབང་ཁེ་ལས་མགོ་ཁྲིད་མི་སྣའི་དཔུང་སྡེ་བཙུགས་ཏེ་ཏང་འཛུགས་བྱ་བར་ཤུགས་སྣོན་དགོས། གསུམ་ནས་རྒྱལ་དབང་ཁེ་ལས་ཀྱི་གཞི་རིམ་ཏང་རྩ་འཛུགས་གཉེར་བའི་ཁྲོད་ནས་ཏང་འཛུགས་བྱ་བར་ཤུགས་སྣོན་དགོས། བཞི་ནས་རྒྱལ་དབང་ཁེ་ལས་ཀྱི་རྒྱ་ཆེ་བའི་ལས་བཟོ་བར་སྐུལ་འདེད་བཏང་ནས་ཏང་འཛུགས་བྱ་བར་སྣོན་དགོས་པ་བཅས་ཡིན་ཞེས་བསྟན།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་ཏང་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཉིན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་། ཞིང་ཆེན་གྱི་མགོ་ཁྲིད་ཝང་ཞའོ་དང་ཐིན་ཅཱ་ཚའེ། ཝང་ཡུས་ཡན། ཡུས་ཚུང་ལི། ཝང་ལིས་མེན་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།