རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཕྱོགས་བསྡུས་ལྟ་ཞིབ་ཚན་ཆུང་བཅུ་བདུན་པས་མཚོ་བྱང་གི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་བྱ་བར་རྟོག་ཞིབ་བྱས།
2017.09.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་དགུ་བའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་གཉིས་ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་ཕྱོགས་བསྡུས་ལྟ་ཞིབ་ཚན་ཆུང་བཅུ་བདུན་པའི་ཚན་ཆུང་གཉིས་པས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བདེ་འཇགས་ཞིབ་བཤེར་བྱ་བར་རྟོག་ཞིབ་བྱས།

ལྟ་ཞིབ་ཚན་ཆུང་གིས་མཚོ་བྱང་ཁུལ་དང་རྫོང་སྐོར་ཞིག་གི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་བྱ་བའི་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། ཁུལ་དང་རྫོང་གི་ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་ཞིབ་བཤེར་ཐད་ཀྱི་འབྲེལ་ཡོད་དཔྱད་གཞི་ཡིག་ཆར་ཀློག་བཤེར་བྱས་པ་མ་ཟད། ཧེ་ཡན་དང་རྐང་ཚ། ཆི་ལེན། མིན་ཡོན་བཅས་རྫོང་བཞི་རུ་སོང་ནས། ཐང་ཧུའུ་གློག་ཤུགས་ཀུང་ཟི་དང་ནུབ་མཚོ་རྡོ་སོལ་གཏེར་ཁུངས། ཧེ་ཞིན་གཏེར་ལས་སོགས་རྡོ་སོལ་གཏེར་ཁུངས་བརྒྱད་དང་གློག་ཤུགས། བཟོ་སྐྲུན་འཛུགས་སྐྲུན་ཡུལ་དངོས། མེ་གསོད། ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས་ཁྱབ་ཁོངས་ཀྱི་ཁེ་ལས་བཅས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ཐད་ནས་འཐེན་ཞིབ་བྱས།

ལྟ་ཞིབ་ཚན་ཆུང་གིས་མཚོ་བྱང་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་བྱ་བར་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། ལྟ་ཞིབ་ཁྲོད་རྙེད་པའི་འབྲེལ་ཡོད་སྡེ་ཁག་གིས་ཉིན་རྒྱུན་གྱི་ཞིབ་བཤེར་གྱིས་ཞིབ་བཤེར་ཆེན་པོའི་ཚབ་བྱེད་པ་དང་། ཁེ་ལས་ཁ་ཤས་ཀྱི་བདེ་འཇགས་སྒྲིག་སྲོལ་ལམ་ལུགས་ལག་བསྟར་བཟང་བོ་མི་བྱེད་པ། བདེ་འཇགས་ཐད་ཀྱི་གསོ་སྦྱོང་བྱེད་ཚད་མི་འདང་བ། འཕྲལ་བསྟུན་བྱེད་ཐབས་ཆ་མི་ཚང་བ་སོགས་ཀྱི་གནད་དོན་ཡུལ་དངོས་ནས་བཏོན་པ་མ་ཟད། དག་ཐེར་ལེགས་བཅོས་བྱེད་པའི་གྲོས་གཞི་བཏོན། ལྟ་ཞིབ་ཁྲོད་རྙེད་པའི་འབྲེལ་ཡོད་ཁྲིམས་འགལ་ལུགས་འགལ་གནད་དོན་མྱུར་དུ་དག་ཐེར་ལེགས་བཅོས་བྱེད་རྒྱུའི་རེ་བ་བཏོན།

ལྟ་ཞིབ་ཚན་ཆུང་གིས། མཚོ་བྱང་ཁུལ་གྱི་རིམ་པ་སོ་སོ་སྡེ་ཁག་སོ་སོས་ཆབ་སྲིད་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་མཐོན་པོས་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཚད་མཐའ་དམ་སྲུང་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། བདེ་འཇགས་ཞིབ་བཤེར་ཐད་ཀྱི་བྱ་བའི་རེ་བ་དང་སྦྱར་ནས། ཆབ་སྲིད་ལང་གནས་ཇེ་མཐོར་གཏོང་བ་དང་། འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འགན་ནུས་ནན་མོར་བསྒྲུབ་པ། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྒྲོག་བྱེད་པ། རིམ་པ་བཞིན་འགན་འཁྲི་ལག་བསྟར་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཞིབ་བཤེར་བྱ་བ་བཟང་བོར་སྤེལ་དགོས་པ་དང་། ལྟ་ཞིབ་ཁྲོད་རྙེད་པའི་གནད་དོན་ལ་མྱུར་དུ་དག་ཐེར་ལེགས་བཅོས་བྱེད་པ་དང་། གནད་དོན་ཡང་དང་བསྐྱར་དུ་འབྱུང་བར་གཏན་ནས་བཀག་འགོག་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཐད་ཀྱི་བྱ་བ་སྣ་ཚོགས་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་པ་དང་། དོན་རྐྱེན་འབྱུང་བར་སྔོན་འགོག་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བའི་ཐད་བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས་པའི་རེ་བ་བཏོན།