རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཕྱོགས་བསྡུས་ལྟ་ཞིབ་ཚན་ཆུང་བཅུ་བདུན་པ་ཡུས་ཧྲུའུ་ལ་སོང་ནས་ལྟ་ཞིབ་བྱས།
2017.09.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ9བའི་ཚེས་8ཉིན་ནས་ཚེས10ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཕྱོགས་བསྡུས་ལྟ་ཞིབ་ཚན་ཆུང་བཅུ་བདུན་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་བྱ་བར་ལྟ་ཞིབ་བྱས།

ལྟ་ཞིབ་ཚན་ཆུང་གིས་ཡུས་ཧྲུའུ་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་མོའི་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད། ཁུལ་དང་གྲོང་ཁྱེར། ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་རྒྱུ་ཆར་ཀློག་བཤེར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གཞུང་ལམ་སྐྱེལ་འདྲེན་ཞབས་ཞུ་སྤྱིའི་ས་ཚིགས་ཀྱི་ཡུས་ཧྲུའུ་འགྲུལ་སྐྱེལ་ས་ཚིགས་སོགས་ཁེ་ལས་བཅུའི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་འཐེན་བཤེར་བྱས།

ལྟ་ཞིབ་ཚན་ཆུང་གིས་ཡུས་ཧྲུའུ་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་མོའི་བྱ་བར་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། ཞིབ་བཤེར་ཁྲོད་རྙེད་པའི་འགྲུལ་སྐྱེལ་ས་ཚིགས་ཀྱི་རླངས་འཁོར་ཁ་ལོ་བའི་བདེ་འཇགས་གསོ་སྦྱོང་མི་འདང་བ་དང་ཞིབ་དཔྱད་ཚད་ལེན་མ་ལག་འཐུས་ཚང་མིན་པ། མགྲོན་ཁང་གི་མེ་འགོག་སྒྲིག་ཆས་སྲུང་སྐྱོབ་ཀྱི་དུས་ཚིགས་བརྒལ་ཡོད་པ་སོགས་ཀྱི་གནད་དོན་ལེགས་བཅོས་བྱེད་དགོས་པའི་བསམ་འཆར་བཏོན་པ་མ་ཟད། ཡུས་ཧྲུའུ་ཁུལ་གྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་མཐུན་པའི་སྒོ་ནས་བསམ་བློ་དང་སྦྱོར་བ་གཉིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་ཀྱི་འཐབ་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས་ལ། ཐེངས་འདིའི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་མོའི་ཕྱོགས་བསྡུས་ལྟ་ཞིབ་དེ་སྒུལ་ནུས་སུ་སྒྱུར་ནས་འགན་འཁྲི་སྲ་སྒྱུར་དང་མུ་མཐུད་དུ་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་མོའི་བྱ་བ་དམ་འཛིན་བྱེད་པ། ལྟ་སྐུལ་ཁྲིམས་སྐྱོང་ལ་ཤུགས་སྣོན་དང་། མུ་མཐུད་དུ་ཁྲིམས་སྐྱོང་དང་ལེགས་བཅོས་ཀྱི་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱེད་པ། ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྐྱོང་སྤེལ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་རིགས་སོ་སོའི་ལམ་ལུགས་བྱེད་ཐབས་དང་དམིགས་འབེན་འགན་འཁྲི་དངོས་འབེབས་དོན་འཁྱོལ་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་། ནུས་ཡོད་སྒོས་དོན་རྐྱེན་འབྱུང་བར་གཏན་འགོག་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་བསྡུ་བར་བརྟན་འཇགས་ཀྱི་བདེ་འཇགས་ཐོན་སྐྱེད་ཁོར་ཡུག་ཅིག་བསྐྲུན་དགོས་པའི་རེ་བ་བཏོན།