མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དྲུག་པ་ཟི་ལིང་ནས་ཚོགས།
2017.09.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དྲུག་པ་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་དང་། སུའུ་ཉིན། ཚའོ་ཝུན་ཧུའུ། མཱ་ཝེ། ཚའོ་ཧོང་། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་། དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི་ཞེ་གཉིས་གྲོས་ཚོགས་ལ་ཞུགས་པ་དང་། དེ་ཁྲིམས་བཀོད་མི་གྲངས་དང་མཐུན། ཝང་གོ་ཧྲིན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས།

ཚོགས་ཐོག་ནས་ཐེངས་འདིའི་གྲོས་ཚོགས་ཀྱི་མི་དོན་བྱ་བའི་རེ་ཞུ་གནས་ཚུལ་ཐད་ཀྱི་གསལ་བཤད་ལ་ཉན།

འགན་འཁུར་རྒྱུ་ཡིན་པའི་འདེམས་མིས་འགན་མ་འཁུར་སྔོན་གྱི་གཏམ་བཤད་སྤེལ།

ཚོགས་ཐོག་ནས«མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའི་མིང་ཐོ་དང་བགོ་བཤའ། འདེམས་བསྐོའི་གནད་དོན་སྐོར་གྱི་ཆོད་དོན་འཆར་ཟིན»གྱི་གསལ་བཤད་དང་། «མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལག་བསྟར་བྱེད་པའི་བྱེད་ཐབས་འཆར་ཟིན»སྐོར་གྱི་གྲོས་ཞིབ་གྲུབ་འབྲས་ཀྱི་སྙན་ཞུ། «མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་གལ་ཆེན་ཐག་གཅོད་པའི་གཏན་ཁེལ»བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་ཐད་ཀྱི་གསལ་བཤད། «མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་མཆན་འགོད་ལྟ་སྐུལ་དོ་དམ་སྲོལ་ཡིག་འཆར་ཟིན»སྐོར་གྱི་གསལ་བཤད། «མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་གསེབ་དོ་དམ་སྲོལ་ཡིག»སྐོར་གྱི་གསལ་བཤད། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ»སྐོར་གྱི་སྙན་ཞུ། འཐུས་མི་སྐོར་ཞིག་གིས་ཕུལ་བའི་ལག་བསྟར་སྡེ་ཁག་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི་བསྒྲུབ་པའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན།

ཚོགས་ཐོག་ནས«མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་མཆན་འགོད་ལྟ་སྐུལ་དོ་དམ་སྲོལ་ཡིག་གི་འཆར་ཟིན»སྐོར་གྱི་གྲོས་ཞིབ་གྲོས་གཞི་དང་། «མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་གསེབ་དོ་དམ་སྲོལ་ཡིག»སྐོར་གྱི་གྲོས་ཞིབ་སྙན་ཞུ་པར་སྐྲུན་འགྲེམ་སྤེལ་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་དབྱིན་པད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་ཁུར་མི་སྣ་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།