མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།
2017.09.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཡོངས་ཀྱི་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་རྗེས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུངས་བཤད་དགོངས་དོན་དང་། ཙུང་ལི་གཞོན་པ་ཝང་དབྱང་གིས་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེང་གི་གཏམ་བཤད་བླང་བྱར་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། སྟོབས་ཤུགས་གཅིག་བསྡུས་སྒོས་མཁྲེགས་གཏོར་ལས་རྣམ་པར་རྒྱལ་བར་བྱེད་པ་དང་། དམངས་སེམས་གཅིག་བསྡུས་སྒོས་དཀའ་ངལ་ལས་རྣམ་པར་རྒྱལ་བར་བྱས་མཐར། ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་དང་དབུལ་ཕོངས་མང་ཚོགས་ཚང་མ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་མི་དམངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་སྟེང་བསྐྱོད་ཐུབ་པར་འགན་ལེན་ཁག་ཐེག་བྱེད་དགོས་ཞེས་བསྟན།

ཝང་གོ་ཧྲིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུངས་བཤད་གལ་ཆེན་གྱིས། ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་འོས་འགན་དུས་ལྟར་ཡོངས་འགྲུབ་བྱེད་དགོས་པའི་དཀའ་ཁག་རང་བཞིན་དང་གལ་ཆེན་རང་བཞིན། ཉེན་ཚབས་རང་བཞིན་བཅས་ལ་འགྲེལ་བཤད་རྟིང་ཐག་ཆོད་པ་བྱས་པར་མ་ཟད། ཚན་རིག་གི་ལམ་ནས་གཞུང་ལུགས་རབ་དང་རིམ་པ་དང་ལག་ལེན་གནད་དོན་ལ་དྲིས་ལན་ཡང་དག་བཏབ་ནས། ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་སྒོ་ཀུན་ནས་སྤེལ་དགོས་པའི་བཀའ་བརྡ་བཏང་། ང་ཚོས་དེར་ནན་ཏན་སྒོས་སློབ་སྦྱོང་བྱས་ནས་དགོངས་དོན་སྙིང་བོ་རང་རྒྱུད་ལ་ལེན་དགོས་ཤིང་། ཡང་དག་པའི་སྒོ་ནས་དགོངས་དོན་ལ་གོ་བ་ཡང་དག་ལེན་དགོས། སྔར་ལས་ལྷག་པའི་སྒོ་ནས་སྤྱིའི་བླང་བྱ་དང་དམིགས་འབེན་འགན་འཁྲི། ཐབས་ཇུས་གལ་ཆེན་བཅས་ཇེ་གསལ་དུ་བཏང་ནས། བསམ་བློ་དང་སྦྱོར་བ་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དགོངས་དོན་སྟེང་ནས་ཁ་མིན་དོན་གྱིས་གཅིག་གྱུར་ཡོང་བར་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ཕྱོགས་ལྔའི་ཐད་ནས་ཞིང་ཆེན་ཡོངས་ཀྱི་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་བསྒྲུབ་པར་བཀོད་སྒྲིག་བྱས།
གཅིག་ནས་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་དཀའ་ཚེགས་ཆེ་བའི་རང་བཞིན་ལ་ངོས་ཟིན་ཡང་དག་ལོན་དགོས། གཉིས་ནས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། གསུམ་ནས་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་གནད་སར་གོ་བ་ཡང་དག་ལེན་དགོས། བཞི་ནས་དབུལ་ཕོངས་མང་ཚོགས་ཀྱི་བརྩོན་སེམས་ལ་སྐུལ་མ་གཏོང་དགོས། ལྔ་ནས་རྩ་འཛུགས་མགོ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཞེས་བསྟན།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་མགོ་འཛིན་གཏམ་བཤད་ཁྲོད་དུ། ཙུང་ལི་གཞོན་པ་ཝང་དབྱང་གི་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེང་གི་གཏམ་བཤད་བླང་བྱ་དང་། ཧྲུའུ་ཅི་ཝང་གོ་ཧྲིན་གྱི་ཞིང་ཆེན་ཡོངས་ཀྱི་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེང་གི་གཏམ་བཤད་བླང་བྱ་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཟེར།

ཁོས་ནན་གྱིས་བསྟན་དོན། ཁ་མིན་དོན་གྱིས་འགན་འཁྲི་ཕྲག་སྟེང་དུ་ལེན་པ་དང་དངོས་འབེབས་དོན་འཁྱོལ་བྱེད་པ། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པ་རྒྱུན་འཁྱོངས། ཞན་ཆ་གསབ་པ་བཅས་ལ་འབད་ནས། བར་མ་ཆད་པའི་ངང་སྒོ་འབྱེད་ཡར་བརྩོན་དང་བྱེད་ནུས་མཐོར་འདེགས་གཏོང་བ། བྱེད་ཕྱོགས་ཚུལ་བཞིན་སྒྱུར་བ། བྱ་བའི་གྲུབ་འབྲས་གསར་གཏོད་བྱེད་པ། གོང་འོག་ཚང་མས་མཉམ་དུ་འབད་འཐབ་བྱེད་པ་བཅས་ལ་བརྟེན་ནས། བློ་ཐག་རྦད་ཆོད་སྒོས་དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ལེན་ཐུབ་དགོས་ཞེས་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཐིན་ཅཱ་ཚའེ་དང་ཡན་ཅིན་ཧེ། ཝང་ཡུས་ཡན། ཡུས་ཚུང་ལི་བཅས་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས།

ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོ་སོ་དང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ། འབྲེལ་ཡོད་དངུལ་རྩ་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་བཅས་ཚོགས་ར་གཙོ་བོར་ཞུགས། གྲོང་ཁྱེར་དང་ཁུལ་གྱི་འགན་ཁུར་བློ་མཐུན་རྣམས་ཡན་ལག་ཚོགས་རར་ཞུགས།