ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་གི་ཕྲེང་བ་ཕུལ་བའི་མཛད་སྒོ་པེ་ཅིན་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་རྒྱལ་སའི་ལས་རིགས་སོ་སོའི་འཐུས་མི་དང་ལྷན་དུ་མཛད་སྒོར་ཞུགས།
ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་གི་ཕྲེང་བ་ཕུལ་བའི་མཛད་སྒོ་པེ་ཅིན་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས་པ་དང་། ཞི་ཅིན་ཕིང་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་དུ་ཕེབས་ཏེ་མེ་ཏོག་གི་ཕྲེང་བའི་དར་གོས་ལེགས་སྒྲིག་བྱས།
ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་གི་ཕྲེང་བ་ཕུལ་བའི་མཛད་སྒོ་པེ་ཅིན་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་རྒྱལ་སའི་ལས་རིགས་སོ་སོའི་འཐུས་མི་དང་ལྷན་དུ་མཛད་སྒོར་ཞུགས།
ཉིན་དེའི་དུས་ཚོད་བཅུ་ཐོན་ལ་ཡོད་པའི་སྐབས་སུ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་ཕེབས་ཏེ་མི་དམངས་དཔའ་བོར་མེ་ཏོག་གི་ཕྲེང་བ་ཕུལ་བའི་མཛད་སྒོར་ཞུགས།
དུས་ཚོད་བཅུའི་སྟེང་མི་དམངས་དཔའ་བོར་མེ་ཏོག་གི་ཕྲེང་བ་ཕུལ་བའི་མཛད་སྒོ་དངོས་སུ་མགོ་བརྩམས་པ་དང་། དམག་དཔུང་རོལ་མོ་རུ་ཁག་གིས་དམག་མི་དཔའ་བོའི་མདུན་སྐྱོད་རོལ་དབྱངས་དཀྲོལ་བ་དང་། ཚོགས་ར་ཡོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། རྒྱལ་གླུ་བླངས་རྗེས་ཚང་མས་ཀྲུང་གོ་མི་དམངས་བཅིངས་འགྲོལ་ལས་དོན་དང་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་ལས་དོན་ཐད་རང་སྲོག་ཕུལ་བའི་སྔོན་གཤེགས་དཔའ་བོ་རྣམས་ལ་མྱ་ངན་ཞུས།
དམག་དཔུང་རོལ་མོ་རུ་ཁག་གིས་མེ་ཏོག་ཕུལ་བའི་རོལ་དབྱངས་དཀྲོལ་བ་དང་མཉམ་དུ་དམག་མི་བཅོ་བརྒྱད་ཀྱིས་མེ་ཏོག་གི་ཕྲེང་བ་བསྣུམས་ནས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་དུ་བཞག ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་འཕྲོ་རིམ་འཕྲོར་དྲན་གསོའི་རྡོ་རིང་གི་མདུན་དུ་ཕེབས་པ་དང་ཞི་ཅིན་ཕིང་གིས་མེ་ཏོག་གི་ཕྲེང་བའི་དར་གོས་ལེགས་སྒྲིག་བྱས། དེར་མཐུད་ནས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་གཡས་སྐོར་བརྒྱབ་ནས་དྲན་གསོ་ཞུས།
ལོ་ཆུང་བྱིས་པ་དང་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི་རྣམས་རིམ་པ་བཞིན་རྗེས་དྲན་རྡོ་རིང་གི་མདུན་དུ་སོང་སྟེ་མེ་ཏོག་ཕུལ་བ་དང་དྲན་གསོ་ཞུས།
པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཚེ་ཆི་ཡིས་མེ་ཏོག་ཕུལ་བའི་མཛད་སྒོར་མགོ་འཛིན་བྱས། པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཁ་ཤས། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་རིན་གཞོན་པ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁ་ཤས་བཅས་མེ་ཏོག་ཕུལ་བའི་མཛད་སྒོར་ཞུགས།