ཏང་གི་ཚོགས་ཆེན་བཅུ་དགུ་བ་འཚོག་ལ་ཉེ་བའི་སྐབས་དང་དུས་ཆེན་གཉིས་ཀྱི་སྔོན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཧུའུ་ཀྲུའུ་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བ་རུ་སོང་ནས། དཀའ་ཁག་ཅན་གྱི་ཏང་ཡོན་དང་ཏང་ཡོན་རྒན་པར་འཚམས་འདྲི་བྱས་ཏེ། ཁོ་ཚོར་ཏང་གི་སེམས་ཁུར་དང་དྲོད་ཁོལ་སྐྱེལ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2016ལོའི་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་དངོས་སུ་པན་ཡན་སྡེ་བར་ལྟ་ཞིབ་བྱས་པའི་ཚུན་ནས་ད་བར་དུ་ལོ་གཅིག་ལྷག་སོང་ལ། སྡེ་བ་ཡོངས་ཀྱི་མང་ཚོགས་ཚོ་ཡང་ཁོད་ཡངས་ཤིང་གྲལ་དག་པའི་སྡོད་ཁང་གསར་བའི་ནང་གནས་སྤར་ནས། སྡེ་བ་ཡོངས་སུ་འཆམ་མཐུན་བདེ་སྐྱིད་ཀྱི་སྣང་ཚུལ་མངོན་ཡོད། ཝང་གོ་ཧྲིན་གྱིས་དཀའ་ཁག་ཅན་གྱི་ཏང་ཡོན་ལིས་ཡོ་ཚོན་དང་ཏང་ཡོན་རྒན་པ་ལིས་ཡོ་མེན་གཉིས་ཀྱི་ཁྱིམ་དུ་འཚམས་འདྲི་བྱས། འཚམས་འདྲི་བྱེད་སྐབས། ཝང་གོ་ཧྲིན་གྱིས་ལིས་ཡོ་ཚོན་ཚང་གི་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། ཁོ་ཚང་གི་ཁྱིམ་མི་གང་བོ་དང་མཛའ་བརྩེའི་གླེང་མོལ་བྱས། ཝང་གོ་ཧྲིན་གྱིས་བཤད་རྒྱུར། ང་ཚོའི་དེ་རིང་གི་བདེ་སྐྱིད་ཀྱི་འཚོ་བ་ནི་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བ་ཡིན་པས། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དྲིན་གཟོ་བྱེད་པའི་ཞོར་དུ། ཏང་ཡོན་བཟང་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྡེ་དམངས་ཡོངས་སྡེ་བའི་ཏང་རྩ་འཛུགས་ཀྱི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཏང་གི་བཀའ་ཁྱབ་ལ་ཉན་པ་དང་། ཏང་གི་རྗེས་སྙེག་པ། ཏང་གི་དྲིན་ལན་འཇལ་ནས། མཉམ་དུ་དབུལ་ཐར་ཕྱུག་བསྒྱུར་དང་འབྱོར་འབྲིང་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན། ཝང་གོ་ཧྲིན་གྱིས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ལ་སྡེ་བའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་རྩ་འཛུགས་འཚོ་བ་སྤེལ་བ་དང་། འཐབ་འཛིང་གི་བཙན་རྫོང་བརྟན་པོ་འཛུགས་སྐྲུན་བྱེད་པ། སྡེ་བའི་ཏང་ཀྲི་པུའུ་ཡིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་བསྒྱུར་དང་འབྱོར་འབྲིང་ལམ་དུ་བསྐྱོད་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྡེ་དམངས་ཀྱི་ཐོན་སྐྱེད་འཚོ་བའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས། དྲིལ་སྒྲོག་དང་གསོ་སྦྱོང་སྤེལ་ནས། ཏང་གི་དམངས་ཕན་སྲིད་ཇུས་མི་སེམས་སུ་སིམ་པར་བྱེད་པ་དང་། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དང་ཕྱུག་བསྒྱུར་བྱེད་པའི་ནུས་པ་མཐོར་འདེགས་བྱེད་དགོས་པའི་རེ་བ་བཏོན།
ཏང་ཡོན་རྒན་པ་ལིས་ཡོ་མེན་ཚང་གི་མགྲོན་ཁང་གི་དཀྱིལ་དབུས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྡེ་མི་ཡོངས་ཀྱི་མཉམ་པར་བཀེལ་ཡོད་པ་དང་། ཝང་གོ་ཧྲིན་གྱིས་ལིས་ཡོ་མེན་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་པན་ཡན་སྡེ་བ་རུ་ལྟ་ཞིབ་བྱེད་པའི་སྐབས་ཀྱི་སྣང་ཚུལ་ཕྱིར་དྲན་བྱས་པ་དང་། ཁོའི་ལུས་ཕུང་བདེ་ཐང་གི་གནས་ཚུལ་དང་ཁྱིམ་ཚང་གི་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས།
ཡུས་ཚོང་ལི་ཡིས་མཉམ་དུ་འཚམས་འདྲི་བྱས།