མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་སྨར་ཁོག་ནགས་ར་ནི། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ལྟེ་གནས་ས་ཁུལ་ཞིག་ཡིན། དུས་ཡུན་ལོ་ངོ་ལྔའི་རིང་ལ། སྨར་ཁོག་ནགས་རའི་ནགས་ཚལ་ཁེབས་ཚད་དེ་སྔར་གྱི་བརྒྱ་ཆའི་ང་བརྒྱད་དང་གྲངས་ཆུང་དགུ་ནས་བརྒྱ་ཆའི་རེ་དགུ་དང་གྲངས་ཆུ་ང་བརྒྱད་ལ་འཕར་སྣོན་བྱུང་ཞིང་། དེ་ནི་ལོ་ལྔའི་སྔོན་དང་བསྡུར་ན་བརྒྱ་ཆའི་བཅུ་དང་གྲངས་ཆུང་གསུམ་གཉིས་ཀྱིས་ཇེ་མང་དུ་འཕར། སྨར་ཁོག་ནགས་རའི་ནགས་ཚལ་ཁེབས་ཚད་ས་ཁྱོན་སྤྱི་ཆིང་སྟོང་གཅིག་གིས་ཇེ་མང་དུ་འཕར་བ་དང་། དེ་ནི་ཚད་ལྡན་ཅན་གྱི་རྐང་རྩེད་སྤོ་ལོའི་འགྲན་ར་སྟོང་གཅིག་དང་བཞི་བརྒྱ་ཡི་རྒྱ་ཁྱོན་ལས་ཀྱང་ཅུང་ཙམ་བརྒལ་ཡོད།
སྨར་ཁོག་ནགས་ར་ནི་སྔར་གྱི་ཤིང་ཆ་འདོན་སྤྲོད་བྱེད་ས་ཞིག་ནས་ད་ལྟ་ནགས་ཚལ་གསོ་སྐྱོང་སྲུང་སྐྱོབ་ས་ཁུལ་ཞིག་ཏུ་གྱུར་ཡོད་པས། ནགས་ར་འདི་ནི་མཚོ་སྔོན་འདི་ཉིད་དཔལ་འབྱོར་ཞན་པའི་ཞིང་ཆེན་ཞིག་ནས་སྐྱེ་ཁམས་སྟོབས་ལྡན་གྱི་ཞིང་ཆེན་ཞིག་ཏུ་བསྒྱུར་བའི་དཔེ་མཚོན་རང་བཞིན་གྱི་བསྡུས་གཟུགས་ཤིག་ཏུ་བལྟས་ཆོག་ཆོག་ཡིན།