ལོ་སྨད་དུ། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་དྲུག་གིས་ལས་དོན་སྡེ་ཁག་གི་ལས་བྱེད་མི་སྣ་བརྒྱད་བརྒྱ་དང་སོ་གསུམ་བསྡུ་ལེན་བྱས།
2017.10.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་སྨད་དུ། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་དྲུག་གིས་སྤྱི་ཚོགས་ཡོངས་ལ་ཁ་གཏད་དེ་མཐོ་རིམ་ལས་རིགས་སློབ་གླིང་དང་། རྫོང་དང་ཞང་གི་སྨན་བཅོས་མི་སྣ། ལས་དོན་སྡེ་ཁག་གཞན་པའི་བྱ་བའི་མི་སྣ་སོགས་བསྡོམས་པས་ལས་བྱེད་མི་སྣ་བརྒྱད་བརྒྱ་དང་སོ་གསུམ་བསྡུ་ལེན་བྱས། མིག་སྔའི་བར་དུ། ད་ལོར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་བསྡོམས་པས་ལས་བྱེད་མི་སྣ་སྟོང་གསུམ་དང་དྲུག་བརྒྱ་ལྷག་བསྡུ་རྒྱུ་ཡིནཔ་ཁྱབ་སྒྲོག་བྱས།

ལོ་སྨད་དུ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་མི་བསྡུ་ལེན་བྱེད་པའི་ཁྲོད་ཁྱད་ཆོས་གསུམ་མངོན་ཡོད་དེ།

རྫོང་རིམ་པའི་མན་གྱི་མི་བསྡུ་ལས་རྐང་གྲངས་ཀ་ཅུང་མང་བ་སྟེ། མི་བསྡུ་ས་ཁུལ་ལྟར་བགོས་ན། ཟི་ལིང་གྲོང་ཁྱེར་དུ་ལས་རྐང་སུམ་བརྒྱ་དང་ཞེ་གཉིས་དང་མཚོ་ཤར་གྲོང་ཁྱེར་དུ་ལྔ་བཅུ། རྨ་ལྷོ་ཁུལ་དུ་གྱ་བརྒྱད། མགོ་ལོག་ཁུལ་དུ་བརྒྱ་དང་སོ་གཉིས། ཡུས་ཧྲུའུ་ཁུལ་དུ་གོ་དྲུག མཚོ་ཤར་ཁུལ་དུ་བརྒྱ་དང་ཉེར་ལྔ་ཡོད་ལ། དེའི་ཁྲོད་རྫོང་རིམ་པ་དང་དེའི་མན་གྱི་མི་བསྡུ་ལས་རྐང་བརྒྱ་ཆའི་དོན་དྲུག་ལྷག་ཡོད།

མཐོ་རིམ་མཐར་ཕྱིན་སློབ་མ་གཞི་རིམ་དུ་སོང་ནས་ལས་ཞུགས་བྱེད་བར་སྐུལ་འདེད་གཏོང་བ་དང་གཞི་རིམ་བྱ་བའི་དགོས་མཁོ་སྐོང་ཆེད། ད་ལོར་མུ་མཐུད་དུ་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས། མི་བསྡུའི་ལོ་ཚོད་ཀྱི་རེ་བའི་ཐད་ནས་ཇེ་ལྷོད་དུ་བཏང་ཡོད་དེ། མཚོ་སྔོན་ཞིང་ཆེན་གྱི་རྫོང་དང་ཞང་གི་ལས་དོན་སྡེ་ཁག་གི་དོ་དམ་དང་ཆེད་དོན་ལག་རྩལ་ལས་རྐང་ཐད་རྒྱུགས་སྤྲོད་པའི་མི་ཡི་ལོ་ཚོད་བཞི་བཅུ་ཡན་དུ་གཏན་ཁེལ་བྱས་ཡོད་པ་དང་། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ལས་རྐང་དང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་སྨན་བཅོས་མི་སྣའི་ལས་རྐང་ལ་རྒྱུགས་སྤྲོད་པའི་གནས་སྐབས་ཀྱི་གདན་ཞུ་མི་སྣའི་ལོ་ཚོད་ཞེ་ལྔའི་ཡན་དུ་གཏན་ཁེལ་བྱས་ཡོད། སློབ་གྲྭ་ཆུང་འབྲིང་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་ལས་གཞན་པའི་ཞང་དང་གྲོང་རྡལ་གྱི་ལས་དོན་སྡེ་ཁག་ལ་རྒྱུགས་སྤྲོད་པའི་མི་སྣའི་བསླབ་གནས་ཐོབ་ཐང་ཐད་ནས་ཇེ་ལྷོད་དུ་བཏང་སྟེ། མཐོ་འབྲིང་དང་འབྲིང་རིམ་ཆེད་སྦྱོང་ཡན་དུ་གཏན་ཁེལ་བྱས་ཡོད། མི་བསྡུ་ཁྱབ་ཁོངས་ཐད་ནས། ཞང་དང་གྲོང་རྡལ་གྱི་ལས་དོན་སྡེ་ཁག་གིས་ཁྱིམ་ཐོ་རང་རྫོང་དུ་ཡོད་པའི་དང་ཡང་ནས་སྐྱེ་ཁུངས་རང་རྫོང་ཡིན་པའི་མི་ལ་ཁ་གཏད་དེ་བསྡུ་ལེན་བྱས་ཆོག་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོས་ལོ་སྨད་དུ་བསྡོམས་པས་ལས་རྐང་དོན་གཉིས་ཐད་ནས་རང་རྫོང་ལ་ཁ་གཏད་དེ་མི་སྣ་བསྡུ་ལེན་བྱས་ལ། རྫོང་དང་ཞང་གི་ལས་དོན་སྡེ་ཁག་གིས་ཆ་རྐྱེན་ཇེ་ལྷོད་དུ་བཏང་རྗེས་བསྡུ་ལེན་བྱས་པའི་ལས་བྱེད་མི་སྣའི་བར་ལོ་ལྔའི་ཞབས་ཞུའི་ལོ་ཚོད་ཀྱི་གན་རྒྱ་བཞག་སྟེ། གཞི་རིམ་གྱི་ཤེས་ལྡན་མི་སྣ་ཕྱིར་ཤོར་བར་བཀག་འགོག་བྱས་པ་དང་། གཞི་རིམ་མི་སྣའི་སྟོབས་ཤུགས་སྲ་བརྟན་དུ་བཏང་།