ཝང་གོ་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་ཆུ་བདག་ལམ་ལུགས་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེང་མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཀྱི་གཙང་པོ་དང་མཚེའུའི་སྐྱེ་ཁམས་ཀྱི་རྣམ་པ་གསར་བ་སྐྲུན་དགོས་ཞེས་ནན་གྱིས་བསྟན།
2017.10.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུ་བར་དགའ་བས་བསུ་མ་བྱེད་པའི་སྐབས་ཏེ། ཟླ་བཅུ་བའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆུ་བདག་ལམ་ལུགས་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་ནས་བསྡུས། གྲོས་ཚོགས་ཀྱི་ལས་འགན་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལ་སློབ་སྦྱོང་ཟབ་མོ་དང་དེ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་ཁོར་སྲུང་ལྟ་ཞིབ་ཀྱི་གནད་དོན་ལེགས་བཅོས་ཀྱི་གོ་སྐབས་གལ་ཆེན་དམ་དུ་བཟུང་ནས། དམངས་ཡོངས་ཀྱི་ཐུན་མོང་གི་ལྟ་བ་གཅིག་སྡུད་དང་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་གིས་ཆུ་བདག་ལམ་ལུགས་ཀྱི་བྱ་བ་སྤེལ་བ་དེ་བརྒལ་གཏོར་བྱེད་སར་བརྩི་བ་དང་། ཆུའི་ཐོན་ཁུངས་སྲུང་སྐྱོབ་ཐད་ཧུར་ཐག་གིས་ཤུགས་སྣོན་པ། ཆུའི་འབག་བཙོག་འགོག་བཅོས་ཐད་ཧུར་ཐག་གིས་ཤུགས་སྣོན་པ། ཆུའི་ཁོར་ཡུག་བཅོས་སྐྱོང་ཐད་ཧུར་ཐག་གིས་ཤུགས་སྣོན་པ། ཆུའི་ཁོར་ཡུག་ཁྲིམས་འཛིན་ཐད་ཧུར་ཐག་གིས་ཤུགས་སྣོན་པ་བཅས་བྱས་ཏེ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་སྔར་ལས་ལག་བསྟར་མཐར་ཕྱིན་བྱེད་པ་དང་། དཔལ་འབྱོར་གྱི་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ཅན་དུ་མྱུར་མོར་བསྒྱུར་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་རྒྱུ་དེ་རེད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གྲོས་ཚོགས་སྟེང་གཏམ་བཤད་པ་དང་། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཝང་གོ་ཧྲིན་གྱིས་བསྟན་དོན། ཆུ་བདག་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་གལ་ཆེན་རང་བཞིན་གྱི་ངོས་འཛིན་དངོས་སུ་ཇེ་ཟབ་ཏུ་གཏོང་དགོས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་མ་ཟད། གཙང་པོ་དང་མཚེའུའི་དོ་དམ་སྲུང་སྐྱོབ་ཐད་ཐེངས་མང་པོར་རྒྱས་བཤད་གལ་ཆེན་སྤེལ་ནས། གཙང་པོའི་ཉེན་ཁ་དང་ཆུ་ཁུངས་ཀྱི་ཉེན་ཁ་ནི་འཚོ་གནས་ཁོར་ཡུག་གི་ཉེན་ཁ་དང་། མི་རིགས་འཚོ་སྡོད་ཀྱི་ཉེན་ཁ་ཡིན་ཞེས་བསྟན་ལ། གཙང་པོ་དང་མཚེའུ་ལ་སྲུང་སྐྱོབ་བྱེད་པ་དེ་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་དང་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གི་འཕེལ་རྒྱས་ལ་འབྲེལ་བ་ཡོད་པ་ནན་གྱིས་བསྟན། ཏང་ཀྲུང་དབྱང་གིས་ཆུ་བདག་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དེ་ནི་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་གལ་ཆེན་ཡིན་ལ། དེས་ང་ཚོར་འགོ་རྩོམ་ས་གསར་པ་ནས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཁ་ཕྱོགས་གསལ་པོ་བསྟན་པ་དང་བསྲུང་བྱ་འདོན་སྤྲོད་བྱས། ཆུ་བདག་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་ནི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན་པ་དང་། གཙང་པོ་དང་མཚེའུ་ལ་སྲུང་སྐྱོབ་བྱེད་པའི་ནུས་ལྡན་བྱེད་ཐབས་ཡིན་ལ། ཆུའི་བདེ་འཇགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བའི་ལམ་ལུགས་ཀྱི་གསར་གཏོད་ཡིན་པ་དང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་མཐར་ཕྱིན་བྱེད་པའི་ལག་ལེན་གལ་ཆེན་ཡིན། དེ་ནི་བྱ་བའི་ལས་འགན་ཡིན་པ་མ་ཟད་ཆབ་སྲིད་ཀྱི་ལས་འགན་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་འདུ་ཤེས་བཞི་ཇེ་བརྟན་དུ་བཏང་ཞིང་། བསམ་བློ་དང་སྦྱོར་བ་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་དུ་དངོས་སུ་གཅིག་གྱུར་བྱས་ཏེ། སྐྱེ་ཁམས་ཀྱི་ཡིད་རྟོན་ཇེ་བརྟན་དང་སྐྱེ་ཁམས་ཀྱི་རང་རྟོགས་ཇེ་མཐོ། སྐྱེ་ཁམས་ཀྱི་རང་སྟོབས་མངོན་འགྱུར་བཅས་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་དང་མཁྲེགས་གཏོར་མཉམ་བྱེད་ཀྱིས་ཆུ་བདག་ལམ་ལུགས་ལ་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་པར་ཁག་ཐེག་བྱས་ཤིང་། གཙང་པོ་དང་མཚེའུའི་དོ་དམ་སྲུང་སྐྱོབ་བྱ་བའི་རྣམ་པ་གསར་པ་ཧུར་ཐག་གིས་སྐྲུན་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་དང་སྟོབས་ཤུགས་གསར་པ་འབུལ་དགོས་ཟེར།

ཝང་གོ་ཧྲིན་གྱིས་བསྟན་དོན། ཆུ་བདག་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ལས་འགན་གཙོ་བོ་དངོས་འབེབས་བྱེད་པར་དངོས་སུ་དམ་འཛིན་བྱེད་དགོས་ཏེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཆུའི་ཐོན་ཁུངས་དང་ཆུའི་མཁོ་འདོན། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག ཆུའི་བཟོ་སྐྲུན་བཅས་ཕྱོགས་ལྔ་གཞི་གཅིག་གི་ཆུའི་བདེ་འཇགས་བཅོས་སྐྱོང་མ་ལག་གཅིག་གྱུར་གྱིས་འཛུགས་སྐྲུན་བྱེད་པ་དང་། ཁག་ཁུར་བྱེད་ཕོད་པ་དང་དཀའ་ཁག་ཁྱད་དུ་སེལ་བ། ཡུན་རིང་འབད་པ་བྱེད་པ། དངོས་འཛིན་བདེན་སྒྲུབ་བྱེད་པ་བཅས་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་གཙང་པོ་དང་མཚེའུའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཀྱི་ཕན་འབྲས་གསར་བ་ཚོར་དུ་འཇུག་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཆུ་བདག་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་རྩ་འཛུགས་འགོ་ཁྲིད་ལ་དངོས་སུ་ཤུགས་སྣོན་དགོས་ཏེ། རིམ་པ་སོ་སོའི་ཆུ་བདག་གིས་བསམ་བློའི་སྟེང་ནས་མཐོང་ཆེན་བྱེད་པ་དང་འགན་ཁུར་དངོས་སུ་ཕྲག་ཏུ་བླངས་ནས། ཆུ་སྲུང་བར་འགན་ཡོད་པ་དང་འགན་ཁུར་བ། ཆུ་བཅོས་སྐྱོང་བྱེད་པར་འགན་ཅི་ནུས་ཀྱིས་སྒྲུབ་པ་བཅས་བྱས་ཏེ། གཙང་པོ་དང་མཚེའུའི་སྲུང་སྐྱོབ་པ་བཟང་པོ་བྱེད་དགོས། ཆུ་བེད་དང་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་སྣེ་ཁྲིད་དང་བཀོད་འདོམས་ཀྱི་ནུས་པ་དངོས་སུ་འདོན་སྤེལ་བྱེད་དགོས་ལ། འབྲེལ་ཡོད་སྡེ་ཁག་རང་འགུལ་གྱིས་ཞུགས་ནས་རང་གི་འགན་ཁུར་ཁྲིམས་ལྟར་ལག་བསྟར་བཟང་པོ་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་འགོ་འཛིན་གཏམ་བཤད་སྤེལ་སྐབས་བསྟན་དོན། ཧྲུའུ་ཅི་ཝང་གོ་ཧྲིན་གྱི་གཏམ་བཤད་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་མཐར་ཕྱིན་བྱེད་པ་དེ་བརྗོད་བྱར་བྱས་པ་དང་། ཆུ་གཙང་རི་མཛེས་དེ་གཙོ་ཐིག་ཏུ་བྱས་ལ། ཕྱོགས་བསྡུས་བཅོས་སྐྱོང་དེ་ཐབས་ཤེས་གཙོ་བོར་བརྩི་བ། འགན་ཁུར་དངོས་འབེབས་དེ་འགན་ཁུར་གཙོ་བོར་འཛིན་པ་བཅས་བྱས་ནས། མཚོ་སྔོན་སྐྱོང་བའི་ཐབས་ཇུས་དང་ཆུ་ནི་སྲིད་ཇུས་ཆེན་པོ་ཡིན་པའི་འདུ་ཤེས་གལ་ཆེན་གཅིག་བསྡུས་ཀྱིས་མཚོན་པར་བྱས་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གཏམ་བཤད་གྱི་ནང་དོན་ལག་བསྟར་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཆུ་བདག་ལམ་ལུགས་ཀྱི་བྱ་བ་གཟབ་ནན་གྱིས་སྒྲུབ་པ་དང་། རྐང་འཛུགས་ས་ཁོང་དུ་ཆུད་པར་བྱེད་པ། འདུ་ཤེས་བཞི་བརྟན་པོར་བཅངས་པ་དང་བསྒྱུར་བ་བཞི་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ། དཔལ་འབྱོར་འཕེལ་སྟངས་མྱུར་དུ་བསྒྱུར་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་ཟབ་མོ་བྱས་ཏེ། གཙང་པོ་དང་མཚེའུའི་ཐོན་ཁུངས་ཁོར་ཡུག་གི་རྒྱུན་སྲིང་བཀོལ་སྤྱོད་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ཞིང་ཆེན་ཡོངས་ཀྱི་ཆུ་བདག་ལམ་ལུགས་ཀྱི་བྱ་བ་སྤེལ་བའི་འཕེལ་རིམ་བསྒྲགས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་དང་ཡུས་ཧྲུའུ་ཁུལ་ཨུའི་འགན་ཁུར་བློ་མཐུན་གཙོ་བོས་ཡན་ལག་ཚོགས་ར་ནས་བརྗེ་རེས་གཏམ་བཤད་སྤེལ།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་དང་། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གཉིས་གྲོས་ཚོགས་ལ་ཞུགས།

ཞིང་ཆེན་ཆུ་བདག་ལམ་ལུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོ་སོ་དང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་ཨུ་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་ཚོགས་ར་གཙོ་བོའི་གྲོས་ཚོགས་ལ་ཞུགས། གྲོང་ཁྱེར་དང་ཁུལ་སོ་སོ་ནས་ཡན་ལག་ཚོགས་ར་བཙུགས།