ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ཉེར་དགུ་བ་བསྡུས།
2017.10.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་བཅུ་བའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ཉེར་དགུ་བ་བསྡུས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་སོ་བརྒྱད་པའི་སྟེང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་སྣེ་ཁྲིད་དུ་བྱས་ནས། བསམ་བློ་སྔར་ལས་བཅིངས་འགྲོལ་བྱེད་པ་དང་འདུ་ཤེས་བསྒྱུར་བ། བཅོས་བསྒྱུར་བྱ་བའི་ཐད་ཤུགས་སྣོན་པ། ཉམས་མྱོང་བཟང་བོ་སྤྱི་སྡོམ་དང་ཁྱབ་གདལ་དུ་གཏོང་བ། དཔེ་སྟོན་སྣེ་ཁྲིད་ཕན་འབྲས་འདོན་སྤེལ་བྱེད་པ། བཅོས་བསྒྱུར་གྱི་ཕན་ནུས་ཕྱིར་གཏོང་བ། མི་དམངས་མང་ཚོགས་ཀྱི་བཅོས་བསྒྱུར་ཐད་ཀྱི་ཐོབ་ཚོར་ཇེ་མཐོར་བཏང་སྟེ། ཆོད་སེམས་དང་ཡིད་ཆེས་སྔར་ལས་བརྟན་པོས་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་དངུལ་གཏོང་དངུལ་བསྲེས་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གིས་བཟོ་ལས་ཁྱབ་ཁོངས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། མཚོ་ནུབ་ཁུལ་དང་མཚོ་བྱང་ཁུལ་གྱིས་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བ། རྩེ་ཁོག་རྫོང་གི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས། ཏ་ཐུང་རྫོང་ཧྲའོ་པེ་ཞང་པེན་མཱ་ལུང་སྡེ་བ། ཚྭ་ཁའི་ཚྭ་མཚོའི་ཚུལ་བསྒྱུར་འཕེལ་རྒྱས་གནས་ཚུལ་བཅས་ཐད་ཀྱི་སྙན་ཞུ་ལ་ཉན།

ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས། ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་ཐད་ཀྱི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། གཅིག་གྱུར་སྒོས་གནས་ལྔ་གཞི་གཅིག་གི་སྤྱི་ཁོག་གི་བཀོད་སྒྲིག་ནམ་ཡང་རྒྱུན་འཁྱོངས་བྱས་ལ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྤེལ་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་སྣ་ཚོགས་ལ་སྣེ་ཁྲིད་བྱས་ལ། སྨན་བཅོས་བཅོས་བསྒྱུར་དང་ཁྲིམས་འཛིན་བཅོས་བསྒྱུར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་བཅོས་བསྒྱུར་ཚོད་ལྟ་སོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་བཅོས་བསྒྱུར་གལ་ཆེན་གྱི་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། ཞིང་ཆེན་ཏང་ཨུས་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བའི་ཐད་ཀྱི་མཐོང་ཆེན་དང་འགན་འཁྲི་ཁག་ཁུར་མཚོན་པར་བྱས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་བཅོས་བསྒྱུར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རང་རྟོགས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་བསམ་བློ་གལ་ཆེན་གྱིས་ཀླད་པར་དྲག་ཆས་སྤྲས་པ་དང་བྱ་བར་མཛུབ་སྟོན་བྱེད་པ། ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་བྱེད་པ། སྤྱི་ཡོངས་ཀྱི་འདུ་ཤེས་བཙུགས་ནས། བཅོས་བསྒྱུར་འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ་དང་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་བྱེད་པ། བསྒྱུར་བ་བཞི་སྤེལ་བའི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་སུ་བྱེད་དགོས། བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་སྟེང་ཤུགས་འདོན་དགོས་པ་དང་། རིམ་པ་སོ་སོའི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོས་རང་སྟེང་ནས་བཅོས་བསྒྱུར་ལ་དམ་འཛིན་བྱེད་པ་དང་། བཅོས་བསྒྱུར་གསར་གཏོད་དེ་གཞི་རྩའི་བསམ་གཞིགས་གཏོང་སྟངས་དང་བྱ་བ་བྱེད་སྟངས་སུ་བརྩིས་ནས། བཅོས་བསྒྱུར་ལས་འགན་དམ་འཛིན་ནན་མོ་བྱེད་པ་དང་། བཅོས་བསྒྱུར་གྱི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་མཐོར་གཏོང་དགོས། བསམ་བློར་སྔར་ལས་བཅིངས་འགྲོལ་གཏོང་བ་དང་འདུ་ཤེས་བསྒྱུར་བ། སློབ་སྦྱོང་ལ་ཤུགས་སྣོན་པའི་ཁྲོད་ནས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ནང་འདྲེས་པར་བྱེད་པར་ཞིབ་འཇུག་བྱེད་པའི་ཁྲོད་ནས་བསམ་བློར་བཅིངས་འགྲོལ་གཏོང་བ། སྒོ་འབྱེད་མཉམ་ལས་ཁྲོད་བསམ་བློར་བཅིངས་འགྲིལ་གཏོང་བ་བཅས་བྱས་ཏེ། བསམ་བློར་བཅིངས་འགྲིལ་གཏོང་བ་དང་འདུ་ཤེས་བསྒྱུར་བ་དེ་བསྒྱུར་བ་བཞི་མངོན་འགྱུར་བྱེད་པའི་ལག་ལེན་ཁྲོད་ཁྱབ་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ཕྱི་སྡོད་རང་མིའི་མཉམ་་འབྲེལ་ལྷན་ཚོགས་ཀྱི་བཅོས་བསྒྱུར་ཇུས་གཞི་དང་མཚོ་སྔོན་ཞིང་ཆེན་གྱི་བཅོས་བསྒྱུར་ཇུས་གཞི་གལ་ཆེན་སྙན་ཞུ་དང་དཔྱད་ཞིབ་བྱེད་པའི་ཚོད་ལྟའི་བྱེད་ཐབས་ལ་གྲོས་ཞིབ་བྱས་ནས་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་།