མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོང་ཧོ་རྫོང་སྤྲེའུ་ནག་ཞང་ལོའུ་སེ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱིས་ཞང་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག ཁྱིམ་ཚང་གི་སྒོ་ར་དང་གད་སྙིགས། གྱང་རོ་སོགས་གཙང་བཤེར་བྱེད་པ་དང་། སྡོད་ཁང་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ། གང་འདོད་དུ་ཨར་ལས་འཛུགས་སྐྲུན་བྱེད་པར་བཅོས་སྐྱོང་བྱེད་པ་སོགས་ལ་སྐུལ་འདེད་བཏང་སྟེ་རྒྱུན་ཆད་མེད་པར་ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འབྲོག་ཁུལ་གསར་བ་འཛུགས་སྐྲུན་སོགས་ རིགས་སོ་སོའི་བྱ་བ་གཞི་རིམ་དུ་གཏིང་ཟབ་ཀྱིས་སྤེལ་ཏེ་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱེད་པ། ཧུར་ཐག་གིས་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁུལ་ཁོར་ཡུག་ལེགས་བཅོས་བྱེད་པར་བྱེད་ནུས་མི་དམན་པ་བཏོན།
ལོའུ་སེ་སྡེ་བས་འབྲོག་པ་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་དངོས་ཡོད་གནས་ཚུལ་ལ་དམིགས་པ་དང་། སྡེ་བའི་ཏང་ཀྲི་པུའུ་ཡིས་རྩྭ་ཐང་མཛེས་པ་དང་གྲོང་སྡེ་མཛེས་པ། འཚོ་བ་སྐྱིད་པའི་བླང་བྱ་གཞིར་བཟུང་ནས། དུས་ཐོག་ཏུ་མང་ཚོགས་ཚོགས་འདུ་དང་ཏང་ཡོན་ཚོགས་འདུ་བསྡུས་ནས་སྡེ་བ་ཡོངས་ཀྱི་མང་ཚོགས་ཚང་མ་ཁོར་ཡུག་གཙང་སྦྲ་བྱེད་པའི་ཁྲོད་ཞུགས་པར་སྐུལ་སློང་བྱས། མིག་སྔའི་བར། ཁོར་ཡུག་གཙང་སྦྲ་བྱེད་པའི་བྱ་འགུལ་ཐེངས་ཉི་ཤུ་ལྷག་སྤེལ་བ་དང་། ལམ་འགྲམ་གྱི་ཆུ་རྐ་སྤྱི་ལེ་བཅུ་དང་ཁྱིམ་ཚང་གི་སྒོ་ར་དང་གད་སྙིགས་ཏུན་སུམ་ཅུ་ལྷག་གཙང་བཤེར་བྱས།
སྤྲེ་ནག་ཞང་གིས་སྐྱེ་ཁམས་སྲུང་སྐྱོབ་རྣམ་པའི་འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱས་པ་བརྒྱུད་ཁོངས་གཏོགས་ས་ཁུལ་གྱི་ཁོར་ཡུག་གཙང་སྦྲར་སྔར་ལས་ལེགས་བཅོས་བྱས་པ་དང་། གང་འདོད་དུ་ཨར་ལས་འཛུགས་སྐྲུན་བྱེད་པ་སོགས་ལ་ནུས་ཡོད་ཀྱིས་ཚོད་འཛིན་བྱས་པར་མ་ཟད། མང་ཚོགས་ཀྱི་སྒྲིག་ལམ་བརྩི་སྲུང་བྱེད་པའི་འདུ་ཤེས་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་བ་དང་རོང་འབྲོག་མང་ཚོགས་ཀྱི་རྩྭ་སའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་རྩྭ་སའི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱེད་པའི་འདུ་ཤེས་ཇེ་མཐོར་བཏང་།