མཚོ་སྔོན་འཐུས་ཚབ་ཚོགས་པས་མུ་མཐུད་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་གྲོས་སྡུར་བྱས།
2017.10.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

 ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་མུ་མཐུད་དུ་གྲོས་སྡུར་བྱས། བློ་མཐུན་ལིས་ཡོན་ཁྲའོ་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས་ནས་གཏམ་བཤད་གནང་བ་དང་། ལིག་ཉིན་དང་ཝང་ཞའོ་སོགས་མཚོ་སྔོན་གྱི་འཐུས་མི་རྣམས་ཀྱིས་གཏམ་བཤད།

བློ་མཐུན་ལིས་ཡོན་ཁྲའོ་ཡིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུས་དར་ཆ་མཐོན་པོར་བསྒྲེངས་ནས་སྔར་འཛིན་ཕྱི་གཏོད་བྱས་ཏེ། མི་རྣམས་ལ་དད་མོས་ཀྱི་འབོད་སྐུལ་དང་ཁ་ཕྱོགས་ཀྱི་སྣེ་སྟོན། ཡར་བརྩོན་གྱི་སྟོབས་ཤུགས། རྒྱལ་ཁ་ཡི་ཡིད་ཆེས་བཅས་བསྩལ་བས། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་དུས་རབས་གསར་བར་སླེབས་པ་དང་ལོ་རྒྱུས་གསར་བ་འབྲི་བར་སྣེ་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དང་སྤྱིའི་བཀོད་སྒྲིག སྤྱིའི་སྐུལ་སློང་བཅས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྤོབས་ཆེན་པོ་དང་འགན་འཁྲི་གཙང་ལེན་གྱི་འདུ་ཤེས་དྲག་པོའི་སྒོ་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་ནས་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་བྱུང་ཡོད་ཅིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་བའི་ནང་དུ་ཞུགས་སུ་བཅུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམ་པར་བཏོན་པའི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ཀྱིས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་རྐང་ཚུགས་པར་བྱས་ཡོད་པར་མ་ཟད། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འཕོས་པའི་ས་མཚམས་གསར་བ་ཞིག་ཀྱང་ཡིན། སྙན་ཞུས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་འགལ་བ་གཙོ་བོའི་རྒྱས་བཤད་ནི་ཆབ་སྲིད་ཀྱི་ཐག་གཅོད་དང་གཞུང་ལུགས་ཀྱི་གསར་གཏོད་ཡིན་པའི་སྐོར་བཏོན་པ་དང་། རྗེས་ཀྱི་ལོ་ངོ་སུམ་ཅུའི་རིང་ལ་གོམ་སྟབས་གཉིས་ཀྱི་ལམ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་པའི་འབད་འཐབ་དམིགས་འབེན་བཏོན་ནས་སྐུལ་མ་བཏང་བར་མ་ཟད། འཛམ་གླིང་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ལ་བརྟེན་ནས་དེང་རབས་ཅན་དུ་སྐྱོད་འདོད་པའི་མི་རིགས་དང་མི་ཚང་མར་ཡིད་སྨོན་འཆོར་སའི་ལངས་ཕྱོགས་གསར་བ་བསྟན་ཡོད་ཟེར།

འཐུས་མི་ལིག་ཉིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་ཞུས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོར་པོར་བསྒྲེངས་ནས། མར་ཁེ་སི་རིང་ལུགས་བདེན་དོན་གྱི་གཟི་འོད་ཕྱོགས་བཅུར་འཕྲོས་སུ་བཅུག་པ་ལ། ཆེས་མཐོ་བའི་མི་དམངས་རང་བཞིན་དང་བསམ་བློའི་རང་བཞིན། གསར་གཏོད་རང་བཞིན། འཐབ་ཇུས་རང་བཞིན་བཅས་ལྡན་པར་མ་ཟད། ཀྲུང་གོ་མི་དམངས་དང་མིའི་རིགས་ཡར་རྒྱས་འགྲོ་བར་ཁ་ཕྱོགས་གསལ་སྟོན་བྱས། སྙན་ཞུས་སྤྱི་ཚོགས་འགལ་བ་གཙོ་བོའི་ཆོད་གཏམ་གསར་བ་ནི་གལ་ཆེའི་གཞུང་ལུགས་གསར་གཏོད་ཡིན་པ་བསྟན་པ་དང་། མཚོ་སྔོན་གྱིས་དབུལ་ཕོངས་གཙང་སེལ་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལག་ལེན་ལ་བརྟེན་རྒྱུ་ནི། ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཏུ་སྤྱི་ཚོགས་འགལ་བ་གཙོ་བོར་དམིགས་ཏེ་སྤེལ་བའི་བྱེད་ཐབས་ཡང་དག་གི་ཚུར་སྣང་ཡིན། མ་འོངས་པར་སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་བཞི་དང་ཡིད་རྟོན་བཞི་ཇེ་དྲག་ཏུ་བཏང་ནས། ཐོག་མཐའ་བར་གསུམ་ཀུན་ཏུ་ཏང་གི་འོས་འགན་དང་བླང་བྱ་ལས་དོན་ཡོངས་ཀྱི་གཙོ་བོར་བཟུང་སྟེ། བར་མ་ཆད་པའི་ངང་སྲིད་འཛིན་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་གོམ་སྟབས་དང་བསྟུན་པ་དང་ཏང་གི་མགོ་ཁྲིད་ཀྱི་རྗེས་སུ་འབྲངས་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་མཐར། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་རྨང་རྐང་བརྟན་པོའི་ངང་ནས་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཟེར།