མཚོ་སྔོན་ཞིང་ཆེན་འཐུས་ཚབ་ཚོགས་པས་མུ་མཐུད་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལ་གྲོས་སྡུར་བྱས།
2017.10.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་བཅུ་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་འཐུས་ཚབ་ཚོགས་པས་མུ་མཐུད་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལ་གྲོས་སྡུར་བྱས།

འཐུས་མི་ཝང་གོ་ཧྲིན་གྱིས་བཤད་རྒྱུར། དཀའ་སྤྱད་འབད་བརྩོན་གྱི་ལོ་ལྔའི་གྲུབ་འབྲས་འགྲེམ་སྟོན་ཆེན་པོས་མི་སེམས་འགུལ་བར་བྱས་པ་དང་། ཆེས་ཆེ་བའི་མྱོང་ཚོར་ནི་གུང་ཁྲན་ཏང་བཟང་ཞིང་སྤྱི་ཁྱབ་ཧྲུའུ་ཅི་ལ་བློ་གྲོས་ལྡན་པ་དེ་རེད། ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས་བླངས་པའི་གྲུབ་འབྲས་མངོན་གསལ་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ལ་རག་ལས། རྒྱལ་ཁབ་ཀྱི་ལོ་ལྔའི་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་མཐོང་རྗེས། ང་ཚོའི་འདུ་ཤེས་བཞི་སྔར་ལས་ཇེ་བརྟན་དུ་གྱུར་བ་དང་། རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་བཟོ་སྐྲུན། རླབས་ཆེན་གྱི་ལས་དོན། རླབས་ཆེན་གྱི་ཕུགས་འདུན་ཐད་ནས་རྒྱུས་ལོན་དང་ངོས་ཟིན་སྔར་ལས་ཟབ་མོ་བྱེད་ཐུབ་པ་བྱུང་ལ། སེམས་ཤུགས་ཆེ་རུ་བསྐྱེད་པ་དང་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱས། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ནན་མོ་བྱེད་པ། མཚོ་སྔོན་རྒྱལ་ཡོངས་འཕེལ་རྒྱས་ཀྱི་རྒྱབ་ལྗོངས་ཆེན་མོའི་འོག་བཞག་སྟེ་འཆར་འགོད་བྱེད་པ། དགེ་མཚན་འདོན་སྤེལ་བྱེད་པ། རྗེས་ཐོན་དགེ་མཚན་སྐྱེད་སྲིང་བྱེད་པ། འཕེལ་རྒྱས་བར་སྟོང་རྒྱ་སྐྱེད་པ། འཕེལ་རྒྱས་རྗེས་ཤུགས་ཇེ་དྲག་ཏུ་གཏོང་བ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དེ་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་རང་རྟོགས་འགུལ་སྐྱོད་དུ་བསྒྱུར་ནས། མཚོ་སྔོན་གྱི་བཅོས་བསྒྱུར་འཕེལ་རྒྱས་ཐད་ཀྱི་ལས་དོན་སྣ་ཚོགས་ཡང་དག་གི་ལམ་བུ་བརྒྱུད་དེ་རྒྱུན་མ་ཆད་པར་མདུན་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ཡི་དགོངས་དོན་གྱི་ངོ་བོ་དང་ཚན་རིག་གི་གོ་དོན་ལ་རྒྱུས་ལོན་ཟབ་མོ་བྱེད་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་སྣེ་ཁྲིད་དུ་བྱེད་པ་དང་། གནས་ཚུལ་དངོས་དང་འབྲེལ་འདྲིས་བྱེད་པ། ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ། ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་དང་ལག་བསྟར་བྱེད་པ། རྒྱུས་ལོན་གཏིང་ཟབ་དང་མིག་རྒྱ་ཆེར་སྐྱེད་པ། བསམ་བློ་གསལ་བོ་བྱེད་པ། བྱེད་ཐབས་ཡང་དག་བཀོལ་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བྱ་བ་དངོས་ཀྱི་ཁྲོད་ལག་བསྟར་བྱེད་དགོས། མཚོ་སྔོན་གྱི་གནས་ཚུལ་དང་འགན་འཁྲི་ལ་དམིགས་བསལ་ལྡན་པས། ལས་བྱེད་པའི་ནུས་པའི་ཐད་ནས་ཀྱང་དམིགས་བསལ་གྱི་རེ་བ་ཡོད། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་མཐོ་ཚད་ནས་ལས་བྱེད་པའི་ནུས་པ་མཐོར་འདེགས་བྱེད་པའི་གནད་དོན་ལ་ངོས་འཛིན་བྱེད་པ་དང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱེད་རྒྱུ་དེ་ནུས་པར་ཞིབ་དཔྱད་བྱེད་པའི་ཚད་འཇལ་བྱེད་དུ་བརྩི་དགོས། རྒྱལ་ཁབ་ཀྱི་སྲིད་ཇུས་བརྩོན་ལེན་བྱེད་པ་དང་། ཁ་གཏད་རོགས་སྐྱོར་སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་ཤེས་ལྡན་མི་སྣའི་སྲིད་ཇུས་ལེགས་བསྒྱུར་བྱེད་པ། ནང་དུ་འདྲེན་པ་དང་ཕྱིར་བཏང་སྟེ་དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་དང་། ད་ཡོད་ཀྱི་ཤེས་ལྡན་མི་སྣ་བཀོལ་སྤྱོད་བྱས་ནས། མཚོ་སྔོན་གྱི་འཕེལ་རྒྱས་ཐད་ཤུགས་ཡོད་ཀྱི་ཤེས་ལྡན་མི་སྣའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

འཐུས་མི་ཡན་ཅིན་ཧེ་ཡིས་བཤད་རྒྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལས་དོན་སྣ་ཚོགས་ཐད་ནས་སྔར་མེད་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱས་པས། ང་ཚོ་སྤོབས་པ་ཆེན་པོས་ཁེངས་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་གྱི་མགོ་ཁྲིད་སྲོག་ཤིང་བརྟན་པོས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་སྣང་བརྙན་གསར་བ་མངོན་པར་བྱས་ཡོད་པས། ང་ཚོས་ལྷག་བསམ་རྣམ་དག་གིས་བརྩི་བཀུར་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་ཀྱིས་བབ་བསྟུན་མདུན་སྐྱོད་ཀྱི་གོ་དོན་གསར་བ་གསལ་བཤད་བྱས་པས། ང་ཚོས་ཁས་ལེན་གང་ལེགས་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་བསྐྱར་དར་དང་ཕུགས་འདུན་མངོན་འགྱུར་གྱི་ཐིག་རིས་གསར་པ་བྲིས་པས། ང་ཚོ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། མ་འོངས་པའི་ལོ་ལྔ་ནི་མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གནད་འགག་དུས་རིམ་དང་། དུས་མཉམ་གཅིག་དང་སྔར་ལས་བཞི་མངོན་འགྱུར་བྱེད་པའི་གནད་འགག་དུས་སྐབས་ཡིན་པས། ང་ཚོས་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། རང་རྟོགས་སྒོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྣེ་ཁྲིད་དུ་བྱས་ཏེ། བློ་ཐག་རྦད་ཆོད་དང་སྔར་ལས་རང་རྟོགས་སྒོས་བསྒྱུར་བ་བཞི་ལ་སྐུལ་འདེད་གཏོང་བ་དང་། ཏན་ཏན་ཏིག་ཏིག་བཞི་ལག་བསྟར་བྱེད་པའི་ཐད་ཀྱི་བྱ་བ་སྣ་ཚོགས་ཀྱི་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་ཡིན་ཟེར།

འཐུས་མི་ཡུས་ཚོང་ལི་ཡིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་གི་སྙན་ཞུ་ཡིས་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་ཐད་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་རྒྱུ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་གཞི་རྩའི་ཇུས་གཞི་རུ་བརྩིས་པ་མ་ཟད། ཁྱབ་ཁོངས་སོ་སོར་ཁྱབ་པར་བྱེད་རྒྱུ་རེད། སྙན་ཞུའི་ནང་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་འཆར་འགོད་བཟང་བོ་བྱས་པ་མ་ཟད། བྱེ་བྲག་གི་དམིགས་འབེན་གཏན་ཁེལ་བྱས་ཡོད་ལ། ལྷག་པར་དུ་ང་ཚོས་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་ནང་གནས་ཆོས་ཉིད་དང་ལས་འགན་གཙོ་བོ་འཐུས་ཚང་བའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། མཚོ་སྔོན་གྱི་བཅོས་བསྒྱུར་བྱ་བ་སྔར་ལས་བཟང་བོར་སྤེལ་བར་སྐུལ་འདེད་གཏོང་བའི་ཐད་ནས་ཁ་ཕྱོགས་གསལ་བོ་བསྟན་པ་དང་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད་པས། ཆབ་སྲིད་ཀྱི་དོན་སྙིང་དང་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་གལ་ཆེན་ལྡན། ང་ཚོས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལྟར། གཞུང་ལུགས་དང་ལག་ལེན། གཙོ་གནད་དང་ཁྱོན་ཡོངས། བཅོས་བསྒྱུར་དང་གཏན་འཇགས། ཐུན་མོང་རང་བཞིན་དང་ཐུན་མིན་རང་བཞིན་བཅས་བར་གྱི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་པ་དང་། ཁྱོན་ཡོངས་ནས་མཚོ་སྔོན་གྱི་བཅོས་བསྒྱུར་སྣ་ཚོགས་ཧུར་ཐག་གིས་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་སྒུལ་ཤུགས་དང་གསོན་ཤུགས་སྣོན་དགོས་ཟེར།

ཀྲང་ཝུན་ཁོས་དང་ཧན་དབྱི་སི་ཧྥི། ཀྲང་ཨེ་ཧོང་། སུའུ་ཧྲིན་ཁྲིན། ཁྲིན་ཡོང་ཅེ། ཧི་ཧྲིན་ལན། ཐིན་ཞའོ་ཝེ། ལེན་ཡཱ་ལིས་སོགས་འཐུས་མིས་གཏམ་བཤད། ཚང་མས་མཐའ་གཅིག་ཏུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། དེའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་ཡིན་པས། ཆབ་སྲིད་སྙིང་སྟོབས་དང་འགན་འཁྲི་འདུ་ཤེས་དྲག་པོས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་འབྱུང་བར་སྐུལ་འདེད་བཏང་བ་དང་། རང་རྒྱལ་གྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བར་སླེབས་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་ཞུགས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་གྲུབ་འབྲས་ཆེས་གསར་བ་ཡིན་ལ། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་དང་། ང་ཚོ་ཏང་གིས་ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པའི་མཛུབ་སྟོན་བསམ་བློ་ཡིན་ཟེར།