མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་གྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱི་སྐབས་བརྗེ་སྟ་གོན་བྱ་བའི་ལྟ་སྐུལ་མཛུབ་སྟོན་གནས་ཚུལ་གྱི་སྙན་ཞུ་འབུལ་བའི་གྲོས་ཚོགས་བསྡུས།
2017.11.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

 ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་གྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱི་སྐབས་བརྗེ་སྟ་གོན་བྱ་བའི་ལྟ་སྐུལ་མཛུབ་སྟོན་གནས་ཚུལ་གྱི་སྙན་ཞུ་འབུལ་བའི་གྲོས་ཚོགས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཚོགས་ཐོག་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྐབས་བརྗེ་བྱ་བ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན། ཏང་གི་སྒྲིག་ཡིག མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་རྒྱུ་ཟུང་དུ་སྦྲེལ་ནས། གཅིག་གྱུར་སྒོས་བཀོད་སྒྲིག་ལ་འཆར་འགོད་བྱེད་དགོས་པ་དང་། རྩ་འཛུགས་ཞིབ་མོ་བྱས་ཏེ་ལག་བསྟར་བྱེད་དགོས། སྐབས་བརྗེ་འདེམ་བསྐོའི་བྱ་བ་བརྒྱུད་དེ་ནུས་པ་ཡོད་ལ་ཁག་ཁུར་གྱི་འདུ་ཤེས་ཡོད་ཅིང་། སྡེ་བ་དང་གཞིས་ཁུལ་གྱི་མང་ཚོགས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པར་སྣེ་ཁྲིད་བྱེད་ཐུབ་པ་བཅས་ཀྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱི་མགོ་ཁྲིད་ཚན་ཁག་བཟང་བོ་ཞིག་གྲུབ་པར་བྱས་མཐར། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་མི་རིགས་སྣ་འདུས་དང་ཆོས་ལུགས་སྣ་མང་ས་ཁུལ་གྱི་སྲིད་འཛིན་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས།

ཝང་གོ་ཧྲིན་གྱིས་ལྟ་སྐུལ་ཚན་ཁག་སོ་སོས་ལྟ་སྐུལ་གནས་ཚུལ་གྱི་སྙན་ཞུ་ཕུལ་བར་ཉན་རྗེས། དུས་རིམ་སྔོན་མའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱི་སྐབས་བརྗེ་སྟ་གོན་བྱ་བས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཐེངས་འདིའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱི་སྐབས་བརྗེ་ལས་དོན་ནི་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་བཅས་རིམ་པ་བཞིའི་འགོ་ཁྲིད་ཚན་ཁག་སྐབས་བརྗེ་བྱས་རྗེས་ཀྱི། ཞིང་ཆེན་ཡོངས་ནས་སྤེལ་བཞིན་པའི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པས། རིམ་པ་སོ་སོའི་ཏང་ཨུས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། སྡེ་བ་དང་གཞིས་ཁུལ་གྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱི་སྐབས་བརྗེ་བྱ་བའི་དོན་སྙིང་གལ་ཆེན་ལ་གོ་བ་ཡང་དག་བླངས་ཏེ། འགན་འཁྲིའི་འདུ་ཤེས་དང་ཉེན་ཚབས་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད། སྐབས་བརྗེ་འདེམ་བསྐོ་བྱ་བ་ཁ་མིན་དོན་གྱིས་བཟང་བོར་བསྒྲུབ་ནས། སྐབས་བརྗེ་ལས་དོན་གྱི་གོ་རིམ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་པའི་བརྒྱུད་རིམ་ཉག་གཅིག་ཏུ་བལྟ་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། སྡེ་བ་དང་གཞིས་ཁུལ་གྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱི་སྐབས་བརྗེ་སྟ་གོན་བྱ་བར་ཆབ་སྲིད་རང་བཞིན་དང་སྲིད་ཇུས་རང་བཞིན་དྲག་པོ་ལྡན་པས། མང་ཚོགས་ཀྱིས་དེ་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་ཅིང་མང་ཚོགས་ཟབ་ཞུགས་བྱེད་ཚབ་ཧ་ཅང་ཆེ། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཁྲིམས་ལུགས་དང་སྒྲིག་ཁྲིམས་ལྟར་བྱ་བ་དེ་སྤེལ་དགོས་ཤིང་། འདེམ་བསྐོ་བྱ་བའི་སྒྲིག་སྲོལ་བླང་བྱ་ལྟར་དུ། བྱ་བའི་ལས་རིམ་ཇེ་གསལ་དུ་གཏོང་དགོས་པ་དང་། ལས་རིམ་ཁག་སོ་སོའི་བྱ་བ་གཙོ་བོར་གོ་བ་ཡང་དག་ལོན་དགོས། རིགས་དགར་ནས་མཛུབ་སྟོན་བྱེད་པར་ཤུགས་སྣོན་དགོས་པ་དང་། རྟོག་ཞིབ་གཏིང་ཟབ་ཏུ་བྱས་ཏེ། དཀའ་སླ་དང་རྙོག་འཛིང་ཆེ་མིན་གྱི་གོ་རིམ་ལྟར་རིགས་དགར་ནས། སྐབས་བརྗེ་འདེམ་བསྐོ་བྱ་བའི་ཐབས་ཇུས་ཇེ་ཞིབ་ཏུ་གཏོང་དགོས་པར་མ་ཟད། རྩ་འཛུགས་ཞིབ་མོ་བྱས་ཏེ་ལག་བསྟར་བྱེད་དགོས། ནོར་སྲིད་ལ་གཙང་བཤེར་བྱེད་པ་དང་དུས་འགན་རེ་རེའི་དཔལ་འབྱོར་འགན་འཁྲིར་ཞིབ་རྩིས་ཡག་པོ་ལེན་དགོས་ཤིང་། དུས་ལྟར་གནས་ཚུལ་གསར་པ་དང་གནད་དོན་གསར་པར་གོ་བ་མ་ནོར་བ་བླངས་ནས། ཁྱབ་ཆེ་བའི་སྒོ་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། ཐེངས་འདིའི་སྐབས་བརྗེ་འདེམ་བསྐོ་བྱ་བ་དང་དམ་དུ་སྦྲེལ་ནས། སློབ་སྦྱོང་དང་རྟོག་ཞིབ་ཀྱི་ལས་སྒོ་ཆེན་པོ་ཞིག་སྤེལ་དགོས་པ་ལས་གཞན། གཞི་གསུམ་འཛུགས་སྐྲུན་དང་གཞི་རིམ་བཅོས་སྐྱོང་གི་ཉམས་མྱོང་དང་བྱེད་ཐབས་བཟང་པོར་སྤྱི་སྡོམ་གང་ལེགས་བྱེད་དགོས་པར་མ་ཟད། ཁྱབ་ཆེ་བའི་སྒོ་ནས་བསམ་འཆར་བསྡུ་ལེན་བྱེད་པ་དང་། ལས་བྱེད་པས་གཞི་རིམ་ནས་རྐང་ཚུགས་པར་བྱེད་པ་དང་གཞི་རིམ་མང་ཚོགས་ལ་ཞབས་འདེགས་བསྒྲུབ་པར་སྐུལ་སློང་བྱེད་ཐབས་ལ་འཚོལ་དཔྱོད་བྱེད་དགོས། ནུས་པ་ཡོད་པའི་ལས་བྱེད་པ་འདེམ་སྒྲུག་བྱས་ཏེ་གཞི་རིམ་དུ་མངགས་ནས་སྡེ་བའི་ལས་དོན་ལ་མཛུབ་སྟོན་བྱེད་དུ་འཇུག་དགོས་ཤིང་། གཞི་རིམ་གྱི་ཏང་རྩ་འཛུགས་སྟོབས་དང་ལྡན་པ་ཞིག་འཛུགས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་འཐབ་རྩོད་འཛིང་རགས་བསྐྲུན་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་གཙོ་གནད་མ་ནོར་བར་འཚོལ་བ་དང་རིམ་པ་རེ་རེ་བྱས་ཏེ་འགན་འཁྲི་གནོན་བཙིར་བྱས་ནས། གྲོང་ཁྱེར་དང་ཁུལ། རྫོང་། ཞང་རིམ་པ་བཅས་ཀྱི་འགན་འཁྲི་ཁག་ཁུར་བྱེད་ཐུབ་པའི་ལམ་ལུགས་ལེགས་པོ་ཞིག་གྲུབ་པར་བྱེད་དགོས། སྐབས་བརྗེ་སྒྲིག་ཁྲིམས་བྱ་བར་གཟབ་ནན་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། གཟབ་ནན་དང་བདེན་པ་གཉིས་ཀྱི་བླང་བྱ་སྐབས་བརྗེ་བྱ་བའི་ལས་དོན་གྱི་གོ་རིམ་ཡོངས་སུ་བརྒྱུས་ཏེ། ཏན་ཏན་ཏིག་ཏིག་གི་བྱ་བ་དངོས་གཉེར་བ་ལ་བརྟེན་ནས་གཞི་རིམ་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པ་དང་། གཞི་རིམ་ལས་བྱེད་མང་ཚོགས་ཏང་གི་ཉེ་འཁོར་ནས་མཐུན་སྒྲིལ་གོང་བུ་གཅིག་གྱུར་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྗེས་སུ་སྙེག་པ་བཅས་ལ་སྣེ་ཁྲིད་བྱེད་དགོས་ཞེས་བསྟན།

ལིག་ཉིན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་འགོ་འཛིན་བྱས། ཝང་ཡུས་ཡན་གྱིས་ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་གྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱི་སྐབས་བརྗེ་སྟ་གོན་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ། ཡུས་ཚུང་ལི་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས་པར་མ་ཟད། སྐབས་བརྗེ་བྱ་བ་བཟང་བོར་བསྒྲུབ་དགོས་པའི་ཐད་ནས་བསམ་འཆར་བཏོན་པ་དང་། ཁོང་ཡུང་གིས་རྟོག་ཞིབ་གནས་ཚུལ་དང་ཟུང་དུ་སྦྲེལ་ནས་ཁ་གསབ་གསལ་བཤད་བྱས།

ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་གྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བའི་མཛུབ་སྟོན་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་ཏང་ཨུའི་ཏང་འཛུགས་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་བཅས་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས།