ཝང་གོ་ཧྲིན་གྱིས་བརྟན་འཇགས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། སྤྱི་ཚོགས་བརྟན་འཇགས་དང་འཆམ་མཐུན་ཡོང་བར་བྱས་རྗེས་གསར་པ་འཇོག་དགོས་པར་གདམས།
2017.11.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

 ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཞིང་ཆེན་སྤྱི་བདེ་ཐིན་དུ་སོང་ནས། སྲིད་ཁྲིམས་བརྟན་འཇགས་མ་ལག་ཁྱབ་ཁོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་བྱས་པར་མ་ཟད། ཁོ་ཚོ་དང་མཉམ་དུ་བཞུགས་མོལ་བྱས། ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་པར། ཅིས་ཀྱང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་སྣེ་སྟོན་དུ་འཛིན་དགོས་པ་དང་། འདུ་ཤེས་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། ལངས་ཕྱོགས་གསལ་བའི་སྒོ་ནས་ཆབ་སྲིད་བརྩི་བ་བཅས་ལ་འབད་དེ། བརྟན་འཇགས་འགན་འཁྲི་ཕྲག་སྟེང་དུ་བརྟན་པོར་ལེན་དགོས་པ་དང་། བརྟན་འཇགས་ལས་དོན་དངོས་འབེབས་དོན་འཁྱོལ་ཡོང་བར་འབད་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པར་བྱས་རྗེས་འཇོག་དགོས།

ཝང་གོ་ཧྲིན་གྱིས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་ནས་སྤྱི་བདེ་བྱ་བའི་གྲུབ་འབྲས་འགྲེམ་སྟོན་ལ་བལྟས་རྗེས། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་མ་ལག་གིས་ཉེ་བའི་ལོ་འདི་དག་གི་རིང་ལ་ནག་ཉེས་ལ་རྡུང་རྡེག་བཏང་བ་དང་མང་ཚོགས་ལ་ཞབས་འདེགས་ཞུས་པ། བདེ་ཐང་ལ་བརྟན་སྲུང་བྱས་པ་སོགས་ཀྱི་ཕྱོགས་ནས་བླངས་པའི་གྲུབ་འབྲས་ལ་རྒྱུས་ལོན་བྱས། དེའི་རྗེས་ཝང་གོ་ཧྲིན་ཐིན་བཀོད་འདོམས་ལྟེ་གནས་སུ་ཡོང་ནས། བརྙན་རིས་བརྒྱུད་དེ་མཱང་ཨེ་སྤྱི་བདེ་ཞིབ་བཤེར་ས་ཚིགས་དང་སྐུ་འབུམ། རོང་བོ་དགོན་པ། སྐྱེ་རྒུ་གྲོང་རྡལ་སོགས་ཀྱི་སྐབས་དོན་ལྟ་སྐུལ་ཚོད་འཛིན་བརྙན་རིས་ལ་ཞིབ་ལྟ་བྱས་ཏེ། སྤྱི་བདེ་ལས་ཁུངས་ཀྱིས་གཞི་འཛིན་གྲངས་ཀའི་བཀོད་འདོམས་སྟེགས་བུའི་མ་ལག་བཀོལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ལས་གནས་བརྟན་སྲུང་བྱེད་བཞིན་པའི་ལས་བྱེད་ཉེན་རྟོག་པ་དང་ལས་བཟོ་བར་འཚམས་འདྲི་བྱས། བཞུགས་མོལ་ཚོགས་འདུའི་སྟེང་དུ། ཞིང་ཆེན་སྤྱི་བདེ་ཐིན་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བདེ་འཇགས་ལྟ་སྐུལ་ཅུའུ། ཞིང་ཆེན་ཟས་རིགས་བདེ་འཇགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་དྲ་རྒྱ་དང་ཆ་འཕྲིན་གཞུང་སྒྲུབ་ཁང་། ཞིང་ཆེན་འཕྲིན་བཅར་ཅུའུ། ཞིང་ཆེན་དམངས་སྲིད་ཐིན། ཟི་ལིང་གྲོང་ཁྱེར་དང་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་འགན་ཁུར་བློ་མཐུན་བཅས་ཀྱིས་སྔ་གཞུག་བྱས་ཏེ་གཏམ་བཤད་བྱས་པ་ལས་གཞན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚོགས་པའི་སྐབས་ཀྱི་བརྟན་འཇགས་བདེ་སྲུང་བྱ་བར་བླངས་པའི་གྲུབ་འབྲས་དང་བྱེད་ཐབས། ཉམས་མྱོང་བཅས་སྙན་ཞུར་ཕུལ།

ཝང་གོ་ཧྲིན་གྱིས་གཏམ་བཤད་ཚང་མར་ཉན་རྗེས་ད་ལོར་ཞིང་ཆེན་ཡོངས་ཀྱི་བརྟན་འཇགས་བདེ་སྲུང་བྱ་བར་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚོགས་པའི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་བརྟན་འཇགས་བདེ་སྲུང་བྱ་བར་བྱས་རྗེས་འཇོག་མཁན་གྱི་རྒྱ་ཆེ་བའི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ལ་བཀའ་དྲིན་ཞུས། ཁོས་བསྟན་དོན། ད་ལོར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་དོན་འཁྱོལ་བྱས་ཏེ། ཚོགས་ཆེན་ཐེངས་བཅུ་དགུ་པར་ཞབས་འདེགས་ཞུ་རྒྱུ་དང་དེར་འགན་སྲུང་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་འོས་འགན་གཙོ་བོར་བརྩིས་ཏེ། འགན་འཁྲིའི་འདུ་ཤེས་དྲག་པོ་བཅངས་ནས་བྱ་བའི་འོས་འགན་དངོས་འབེབས་བྱས་པ་དང་། མཐུན་སྒྲིལ་མཐུན་སྦྱོར་ལ་ཤུགས་བསྣན་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ། ཤུགས་ཆེན་པོས་སྤྱི་ཚོགས་བརྟན་འཇགས་དང་བདེ་སྲུང་གི་བྱ་བ་བཟང་བོར་བསྒྲུབས་མཐར། ཞིང་ཆེན་ཡོངས་ནས་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཀྱི་རྣམ་པ་བཟང་བོ་མངོན་པར་མ་ཟད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་པར་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། མ་འོངས་པའི་བྱ་བ་བཟང་བོར་བསྒྲུབ་དགོས་ན། ཅིས་ཀྱང་མུ་མཐུད་དུ་ལས་དོན་བསྒྲུབ་དགོས་པའི་ཆོད་སེམས་དང་བྱེད་ཕྱོགས་དར་སྤེལ་གཏོང་དགོས་ཤིང་། ལྷོད་གཡེང་དང་སྐྱིད་འདོད་ཀྱི་བསམ་བློ་ཅི་ཡོད་རིང་དུ་འདོར་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་སྡེ་ཁག་དང་ས་གནས་སོ་སོའི་གཞོགས་འདེགས་དམ་ཟབ་བྱ་བར་ཤུགས་སྣོན་རྒྱག་དགོས། བར་མ་ཆད་པའི་སྒོ་ནས་ཉམས་མྱོང་དང་བྱེད་ཐབས་བཟང་པོ་དུས་ཡུན་རིང་བོའི་ཕན་ལྡན་ལམ་ལུགས་སུ་བསྒྱུར་ནས། བརྟན་འཇགས་བྱ་བའི་སྟོབས་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས། ལམ་ལུགས་གསར་གཏོད་བྱེད་དགོས་ན། དུས་རྟག་པར་འགན་འཁྲི་དམ་པོར་འཛིན་དགོས་པ་དང་བདེ་འཇགས་ཀྱི་སྐུད་རྒྱུན་མ་ལྷོད་པ་བྱས་ཏེ། ཁྲིམས་སྐྱོང་བསམ་གཞིགས་བརྟན་པོ་བཅངས་པ་དང་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཚན་རིག་དང་མཐུན་ཞིང་ཕན་འབྲས་ལྡན་པའི་འགོ་ཁྲིད་ལམ་ལུགས་དང་བྱ་བའི་ནང་རྐྱེན་བསྐྲུན་ཏེ། བར་མ་ཆད་པའི་སྒོ་ནས་སྤྱི་ཚོགས་བཅོས་སྐྱོང་གི་བྱེད་ནུས་དང་ཆུ་ཚད་ཇེ་མཐོར་གཏོད་དགོས། བྱ་བ་དངོས་ཀྱི་ཁྲོད་ནས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ཏེ་དམག་མི་རྩེ་གྲས་འཁྱོངས་པར་བྱེད་པ་དང་། ལས་དོན་དངོས་ཀྱི་ཁྲོད་ནས་ནུས་པ་ཇེ་མཐོར་བཏང་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ལ་དང་ནུས་པ་ལྡན་པ། ཏང་དང་མི་དམངས་ཀྱི་ཡིད་ཆེས་སྟོང་ཟད་དུ་མི་གཏོང་བའི་བདེ་སྲུང་བརྟན་འཇགས་ཀྱི་དཔུང་སྡེ་བཙུགས་ཏེ། མི་དམངས་མང་ཚོགས་ཀྱི་བདེ་འཇགས་དང་བདེ་སྐྱིད་སྔར་ལས་ཇེ་མཐོར་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་བྱས་རྗེས་གསར་བ་འཇོག་དགོས།

ལིག་ཉིན་གྱིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་ཏེ། གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བྱེད་པའི་ཐད་ནས་བླང་བྱ་བཏོན། མགོན་པོ་བཀྲ་ཤིས་དང་ཀྲང་ཞི་མེན། ཝང་ཀྲིན་ཧྲིན་བཅས་ཐེངས་འདིའི་བྱ་འགུལ་ལ་ཞུགས། ཞིང་ཆེན་ཏང་ཨུའི་བརྟན་འཇགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཞུགས་མོལ་ཚོགས་འདུར་ཞུགས།