མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་སློབ་སྦྱོང་བྱས།
2017.11.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

 ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་བརྒྱུད་སྒྲོག་གང་ལེགས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཆིན་དང་། ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་ལིས་ཞོན་ཧྲིན་དང་ཅི་རིན་ཧྥུན། དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་གྲོས་ཚོགས་ལ་ཞུགས། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་མཱ་ཁྲང་ཆིན། གཟིམ་ཁང་བཅས་ཐེངས་འདིའི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་ལས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅོན་གཉིས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་བཤད་པའི་གཏམ་བཤད་དགོངས་དོན་བརྒྱུད་སྒྲོག་བྱས་ཤིང་། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་ནན་ཏན་སྒོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་པའི་སྐོར་གྱི་ལག་ལེན་ཐབས་ཇུས་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བླང་བྱ་བཏོན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བཀོད་སྒྲིག་བླང་བྱ་ལྟར་དུ། མགྱོགས་མྱུར་ངང་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་ལ་བསྟར་དགོས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཕྱོགས་ཀུན་ནས་མཆེད་པར་བྱེད་དགོས། བརྩེ་བ་ཟབ་མོ་དང་འགན་འཁྲི་ལྕི་མོ་ཡིད་ལ་བཅངས་ནས་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་དགོས་ཤིང་། ཚོགས་ཆེན་གྱི་དོན་སྙིང་གལ་ཆེན་དང་བསམ་བློའི་དགོངས་གཞི། རྩ་བའི་བླང་བྱ་བཅས་ལ་གོ་བ་ཡང་དག་བླངས་ཏེ། བར་མ་ཆད་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུའི་ལས་དོན་འདི་ཉིད་གཏིང་ཟབ་ས་ནས་ཟབ་སར་སྤེལ་དགོས་ལ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་ཆོས་ཉིད། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོ་ཡོང་བར་འབད་དེ། སྲིད་གྲོས་ལས་འགན་ལག་བསྟར་བྱེད་པའི་ཁྲོད་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བཀོད་སྒྲིག་ཁ་མིན་དོན་གྱིས་ལག་བསྟར་དངོས་འབེབས་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་ནི་མིག་སྔར་དང་མ་འོངས་པའི་དུས་ཡུན་གང་འཚམ་རིང་གི་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱི་ཆབ་སྲིད་འོས་འགན་གཙོ་བོ་ཡིན། བསླབ་པ་ཤེས་ནས་ལག་ལེན་དངོས་ཀྱི་ཁྲོད་ནས་སྤྱོད་རྒྱུའི་ཐད་ཤུགས་རྒྱག་དགོས་ཤིང་། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འདིང་བར་འབད་འབུངས་བྱེད་དགོས། ཏང་གིས་མི་དམངས་སྲིད་གྲོས་ལ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་མཐུན་སྒྲིལ་དང་བློ་བརྟན་འགྱུར་མེད་སྒོས་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ལག་ལེན་ལ་བསྟར་བར་སྣེ་ཁྲིད་བྱེད་དགོས། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་དམ་དུ་འབྲེལ་དགོས་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ལས་རིམ་ཁག་སོ་སོའི་བཀོད་སྒྲིག་དང་ཟུང་དུ་འབྲེལ་བ། ལྟེ་གནས་བྱ་བའི་སྲིད་ཞུགས་སྲིད་གླེང་གི་འོས་འགན་ལག་བསྟར་དང་དམ་པོར་འབྲེལ་བ་བཅས་ལ་འབད་དེ། བསམ་བློའི་སྣེ་སྟོན་དང་མཐུན་སྦྱོར་འབྲེལ་བ། སྟོབས་ཤུགས་གཅིག་བསྡུས། བློ་འདོན་ཇུས་འབུལ། སྤྱི་ཡོངས་ཞབས་ཞུ་བཅས་ཀྱི་བྱེད་ནུས་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བསྟན།

མཱ་ཁྲང་ཆིན་དང་ཐིན་རིམ་པའི་ལས་བྱེད་པ་རེ་འགས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད་བྱས།