ཝང་གོ་ཧྲིན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས།
2017.11.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

 ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་ཏེ། དུས་ཚིགས་སྔོན་མ་གསུམ་གྱི་དཔལ་འབྱོར་གནས་སྟངས་དབྱེ་ཞིབ་སྐོར་གྱི་གནས་ཚུལ་ལ་ཉན་པར་མ་ཟད། མ་འོངས་པའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས། དེ་མིན་ད་དུང་མཚོ་ཤར་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བའི་སྐོར་གྱི་བསམ་འཆར་དུ་མ་ཞེས་པར་གྲོས་མོལ་བྱས།

གྲོས་ཚོགས་ལས་བསྟན་དོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་དེར་སྲུང་སྐྱོབ་བྱེད་དགོས་པའི་སྐོར་གྱི་གཏན་འབེབས་དུ་མ་ཞེས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ལག་བསྟར་དངོས་འབེབས་བྱེད་པའི་སྐོར་གྱི་ཞིབ་ཕྲའི་ལག་ལེན་གཉིས་ནི། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་པའི་གྲུབ་འབྲས་དང་ཉམས་མྱོང་ཡིན་ལ། དེས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཛུགས་སྐྲུན་ལ་བླང་བྱ་གསར་བ་བཏོན་པར་མ་ཟད། ལམ་ལུགས་ཀྱི་རྣམ་པ་བརྟན་ཆགས་ཅན་དུ་བཏང་ཡོད་པས། དེས་སྐབས་གསར་བའི་ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པར་མཚོན་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་རྣམས་ཀྱིས་ཕུགས་འདུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། རང་རྟོགས་སྒོས་ཀྲུང་དབྱང་ལ་ཁ་མིག་ཡར་ལྟ་བྱེད་པ། འདུ་ཤེས་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་གོམ་འགྲོས་གཅིག་གྱུར། སྦྱོར་བ་གཅིག་གྱུར་བཅས་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློའི་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། བྱེད་ཕྱོགས་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན་བཅས་མངོན་གསལ་སྒོས་ཇེ་དྲག་ཏུ་བཏང་ནས། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་རང་གི་བསམ་བཀོད་བར་མེད་དུ་བརྒྱན་དགོས། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། སྦྱོར་བ་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོ་ཡོང་བར་བྱེད་དགོས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། གོང་དཔེ་འོག་སྟོན་སྒོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པར་སྣེ་ཁྲིད་བྱེད་དགོས། ཏང་ཀྲུང་དབྱང་གི་ལས་རིམ་ཁག་སོ་སོའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་ཡོང་བར་སྣེ་ཁྲིད་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཚོ་སྔོན་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྣམ་པར་རྒྱས་ཐུབ་པར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

གྲོས་ཚོགས་ལས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་དུས་ཚིགས་སྔོན་མ་གསུམ་གྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་སྟངས་དབྱེ་ཞིབ་དང་མ་འོངས་པའི་བྱ་བའི་བསམ་འཆར་སྙན་ཞུར་ཉན། དེ་མིན་ད་དུང་མཚོ་ཤར་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་བའི་སྐོར་གྱི་བསམ་འཆར་དུ་མ་ཞེས་པར་གྲོས་མོལ་བརྒྱུད་དེ་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།