མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་ས་ཆ་སོ་སོ་ནས་མུ་མཐུད་དུ་སྒྲོག་འགྲེལ་གཏིང་ཟབ་བྱས།
2017.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དག་མུ་མཐུད་དུ་གྲོང་ཁྱེར་དང་ཁུལ་སོ་སོའི་ཁོངས་གཏོགས་ཀྱི་རྫོང་དང་གྲོང་རྡལ། གཞིས་ཁུལ། སྡེ་བ་ཁ་ཤས་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་མཐོ་རིམ་སློབ་གྲྭ། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཁ་ཤས་བཅས་སུ་སོང་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ་ཏེ་གཞི་རིམ་ཏང་ཡོན་དང་མང་ཚོགས་དང་མཉམ་དུ་བརྗེ་རེས་གཏིང་ཟབ་བྱས།

མཚོ་ངོས་ལས་མཐོ་ཚད་ལ་རྨིད་སྟོང་བཞི་དང་བརྒྱའི་གནས་སུ་ཆགས་ཡོད་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཞང་ཁྱི་འབྲི་སྡེ་བར་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཧྲོན་ཧྥུའུ་ཡིས་གོ་སླ་བའི་སྒོ་ནས་རྒྱ་ཆེའི་འབྲོག་པ་མང་ཚོགས་རྣམས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་འགྲེལ་བཤད་བྱས་པར་མ་ཟད། མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དབུལ་ཐར་མཁྲེགས་གཏོར། ཐུམ་འབུའི་ནད་འགོག་བཅོས་སོགས་གནད་དོན་གཙོ་བོའི་ཐད་ནས་ཚང་མ་དང་མཉམ་དུ་བརྗེ་རེས་བྱས་པ་དང་མང་ཚོགས་ཀྱིས་བཏོན་པའི་དྲི་བར་གཟབ་ནན་གྱིས་ལན་བཏབ། ཞིང་ཆེན་སྲིད་གྲོས་ལས་ཁུངས་སུ་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ་གཞོན་པ་སོན་ཧྥ་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་དང་མ་ལག་རང་བཞིན་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་པར་མ་ཟད། ཚང་མས་སེམས་ཁུར་བྱེད་པའི་སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་རིམ་པ་མང་བ། ལམ་ལུགས་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ཀྱི་དྲི་བར་ལན་བཏབ་པ་དང་བརྗེ་རེས་གཏིང་ཟབ་བྱས། ཞིང་ཆེན་འགྲིམ་འགྲུལ་ཐིན་གྱིས་སྤེལ་བའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་བརྙན་རིས་གྲོས་ཚོགས་སྟེང་། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་འཆད་ཁྲིད་ཚོགས་པའི་ཚོགས་གཙོ་ཀོ་ཡོན་ཧྥུའུ་ཡི་སྒྲོག་འགྲེལ་སྙན་ཞུར་ལྟ་ཉན་བྱས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་འབྲིང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཞུའུ་ཁྲོན་མེ་ཡིས་བཤད་རྒྱུར། སྒྲོག་འགྲེལ་སྙན་ཞུའི་ནང་དོན་གཏིང་ཟབ་ཅིང་དོན་དངོས་དང་འབྲེལ་ཡོད། ང་ཚོས་ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་ཉར་ཏེ་ཏང་གི་སློབ་གསོའི་ལམ་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་སློབ་གསོའི་བྱ་བ་བཟང་བོར་བསྒྲུབ་ངེས་ཡིན་ཟེར། མཚོ་སྔོན་མི་རིགས་སློབ་ཆེན་སྒྱུ་རྩལ་སྡེ་ཁག་གི་ཉིས་སྟོང་བཅོ་ལྔ་ལོའི་བརྡ་ཁྱབ་ཇུས་འགོད་ཆེད་ལས་ཀྱི་སློབ་མ་ཆིན་མེའོ་མེའོ་ཡིས་བཤད་རྒྱུར། ན་གཞོན་ཞིག་ཡིན་པའི་ཆ་ནས་ལོ་རྒྱུས་ཀྱི་འགན་འཁྲི་ཡིད་ལ་བརྟན་པོར་ཉར་ཏེ་མི་སྒེར་གྱི་འབད་བརྩོན་དེ་མེས་རྒྱལ་གྱི་མ་འོངས་པའི་ལས་དབང་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཁྲོད་འདྲེས་པར་བྱེད་པ་དང་ཧུར་ཐག་གིས་མི་ཚེའི་རིན་ཐང་མངོན་འགྱུར་བྱས་ཏེ་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་ལང་ཚོའི་སྟོབས་ཤུགས་འབུལ་ངེས་ཡིན་ཟེར། གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་རྨ་ཆུའི་ལམ་གཞིས་ཁུལ་གྱི་སྡོད་དམངས་པད་མ་ལྷུན་གྲུབ་ཀྱིས་བཤད་རྒྱུར། སྒྲོག་འགྲེལ་གྱི་རྣམ་པ་ཧ་ཅང་བཟང་། སྒྲོག་འགྲེལ་ཚོགས་པས་མང་ཚོགས་ཀྱི་གོ་སླ་བའི་སྐད་ཆ་སྤྱད་པ་དང་མང་ཚོགས་ཀྱི་གཏམ་རྒྱུད་བཤད་པ་དང་། ནང་དོན་ཚང་མ་མང་ཚོགས་ཀྱི་ཆེས་སེམས་ཁུར་བྱེད་པའི་གནད་དོན་རེད་ཟེར།