མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་སོ་བདུན་པ་བསྡུས།
2017.11.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བདུན་པ་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་ཀྲང་ཀོང་རོང་། སུའུ་ཉིན། དབང་མོ། ཚའོ་ཝུན་ཧུའུ། ཚའོ་ཧོང་། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི་ཞེ་བཞི་གྲོས་ཚོགས་ལ་ཞུགས་པ་དང་། དེ་བཅའ་ཁྲིམས་ཀྱི་གཏན་ཁེལ་མི་གྲངས་དང་མཐུན། ཝང་གོ་ཧྲིན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས།

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི«མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་མཆན་འགོད་ལྟ་སྐུལ་དོ་དམ་སྲོལ་ཡིག་འཆར་ཟིན»སྐོར་གྱི་གྲོས་ཞིབ་གྲུབ་འབྲས་ཀྱི་སྙན་ཞུ་དང་། ཞིང་ཆེན་ནོར་སྲིད་ཐིན་གྱི«མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་དཔྱ་ཁྲལ་གྱི་མཁའ་དབུགས་བཙོག་བཟོ་དངོས་པོ་དང་ཆུ་བཙོག་བཟོ་དངོས་པོའི་ཐད་ཀྱི་འཇལ་དགོས་པའི་ཁྲལ་འབབ་ཚད་གཞི་དང་གཅིག་གྱུར་ཕྱིར་འབུད་གཏོང་སའི་ཁྲལ་འཇལ་དགོས་པའི་བཙོག་བཟོ་དངོས་པོའི་ལས་གཞིའི་གྲངས་ཀའི་ཇུས་གཞི»སྐོར་གྱི་གསལ་བཤད། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་རེ་ཞུ་བྱས་པའི་མཚོ་སྔོན་ཞིང་ཆེན་ཞི་ཕིང་ས་ཁུལ་དུ་མི་དམངས་ཞིབ་དཔྱོད་ཁང་འཛུགས་པའི་ཇུས་གཞི་ལ་ཆོག་མཆན་འགོད་པའི་གསལ་བཤད། ཞིང་ཆེན་མི་དམངས་སྲིད་གཞུང་གི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཛདང་མཚོ་སྔོན་པོའི་མཐའ་སྐོར་ས་ཁུལ། རྨ་ཆུ་དང་ཙོང་ཆུའི་ས་ཁུལ། ཚྭ་འདམ་གཞོང་ས་ཁུལ། མདོ་ལ་རི་བོའི་ལྟག་ཆུ་བསྐྱིལ་གསོག་ཁུལ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱས་པའི་གནས་ཚུལ་ཐད་ཀྱི་གསལ་བཤད། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པའི་འཐུས་མིའི་གྲོས་གཞི་དང་སྐྱོད་བརྗོད། གྲོས་གཞི་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་བཟོ་ལས་ཚུལ་བསྒྱུར་རིམ་སྤོར་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན།

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི«མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་དཔྱ་ཁྲལ་གྱི་མཁའ་དབུགས་བཙོག་བཟོ་དངོས་པོ་དང་ཆུ་བཙོག་བཟོ་དངོས་པོའི་ཐད་ཀྱི་འཇལ་དགོས་པའི་ཁྲལ་འབབ་ཚད་གཞི་དང་ཕྱིར་འབུད་གཏོང་སའི་ཁྲལ་འཇལ་དགོས་པའི་བཙོག་བཟོ་དངོས་པོའི་ལས་གཞིའི་གྲངས་ཀའི་ཇུས་གཞི»སྐོར་གྱི་ལྟ་ཞིབ་སྙན་ཞུ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པའི་འཐུས་མིའི་གྲོས་གཞི་དང་སྐྱོན་བརྗོད། བསམ་འཆར་ལག་བསྟར་བྱེད་པར་ལྟ་སྐུལ་བྱས་པའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པའི་འཐུས་མིའི་གྲོས་གཞི་དང་སྐྱོན་བརྗོད། བསམ་འཆར་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་པར་སྐྲུན་འགྲེམ་སྤེལ་བྱས།

ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་དང་། མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཏུང་ཁེ་ཅོན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་མི་སྣ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་སྐོར་ཞིག་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།