མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཞི་རིམ་བློ་མཐུན་གྱི་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།
2017.12.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་གཉིས་ཀྱིས་གཞི་རིམ་བློ་མཐུན་གྱི་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། གཞི་རིམ་སྡེ་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་། གཞི་རིམ་བློ་མཐུན་གྱིས་ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་བརྟན་པོར་འཛིན་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཐད་ཀྱི་བསམ་འཆར་ལ་ཉན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཞང་དང་གྲོང་རྡལ་དང་། ཞིང་སྡེ། སློབ་གྲྭ སྨན་ཁང་། ཁེ་ལས། ལས་ཁུངས་སོགས་གཞི་རིམ་ནས་ཡོང་བའི་བློ་མཐུན་ཉེན་དྲུག་གིས་རང་སོ་སོའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་གཏམ་བཤད།

ཝང་ཡུས་ཡན་གྱིས་བསྟན་དོན། གཞི་རིམ་བློ་མཐུན་གྱི་སེམས་གཏམ་ནི་ང་ཚོའི་བྱ་བ་སྤེལ་བའི་སྒུལ་ཤུགས་དང་། བྱ་བའི་གྲུབ་འབྲས་ལ་ཞིབ་བཤེར་རྩིས་ལེན་བྱེད་པའི་ཚད་གཞི་གལ་ཆེན་ཡིན་ལ། ཚང་མས་མང་ཚོགས་ཀྱི་སྐད་ཆ་དང་ཉེ་འགྲམ་གྱི་གཏམ་རྒྱུད་ལ་བརྟེན་ནས། གཅིག་བསྡུས་སྒོས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བ་གཞི་རིམ་ནས་སྤེལ་བའི་གྲུབ་འབྲས་འགྲེམ་སྟོན་བྱས་ཟེར།

ཝང་ཡུས་ཡན་གྱིས་ནན་གྱིས་བསྟན་དོན། རྒྱ་ཆེའི་གཞི་རིམ་བློ་མཐུན་གྱིས་དགོངས་དོན་སློབ་སྦྱོང་བཟང་བོ་བྱེད་པ་དང་རྒྱུས་ལོན་གཏིང་ཟབ་བྱེད་པ། ལག་བསྟར་ནན་མོ་བྱེད་པའི་དམིགས་འབེན་དང་རེ་བར་དམིགས་ནས། སློབ་སྦྱོང་དང་རྟོག་ཞིབ། ལག་བསྟར་བྱེད་པའི་བྱ་འགུལ་བརྟན་བརླིང་ངང་སྤེལ་བ་དང་། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་དགོས། སློབ་སྦྱོང་བྱེད་པའི་ཐད་ཀྱི་གསུམ་བཟང་སློབ་མ་བྱེད་པ་དང་། མ་རྩོམ་ཀློག་པ་དང་རྩ་བའི་རིགས་པ་ཁོང་དུ་ཆུད་པར་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ཡིད་རྟོན་གྱི་སྟོབས་ཤུགས་ཆེན་པོ་རུ་བསྒྱུར་དགོས། རྟོག་ཞིབ་ཁྲོད་ཞུགས་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་འདྲིས་དམ་ཟབ་བྱེད་པའི་དགེ་མཚན་འདོན་སྤེལ་བྱེད་པ། གནད་དོན་དངོས་ཐད་ཀྱི་རྟོག་ཞིབ་ལ་ཤུགས་བསྣན་ནས། རང་སྡེ་ཁག་དང་ལས་རིགས་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་བྱེད་དགོས། ལག་བསྟར་མཁན་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་བྱ་བ་དངོས་དང་ལས་གནས་འགན་འཁྲི་བཅས་ཟུང་སྦྲེལ་དམ་པོ་བྱེད་པ་དང་། རང་འགན་བྱ་བའི་ཐད་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་སྟེ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཚོ་སྔོན་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་ཐུབ་པར་བྱེད་དགོས་ཟེར།