ཝང་གོ་ཧྲིན་གྱིས་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་ཐད་ནས་རེ་བ་བཏོན།
2017.12.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་ཞང་གི་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱ་འགུལ་རྒྱ་ཆེར་སྤེལ་ནས། མཚོ་སྔོན་ཞིང་ཆེན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་ཚོང་རྟགས་མིང་གྲགས་ཅན་དུ་གྱུར་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱས་པ་དང་། རིགས་སོ་སོའི་མང་ཚོགས་ལང་ལོང་གིས་དེའི་ཁྲོད་ཞུགས། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་བྱ་བ་དེའི་ཐད་ནས་རེ་བ་བཏོན་ནས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་སྣེ་ཁྲིད་དུ་བྱེད་པ། སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་ཐད་ཀྱི་དུས་རབས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བྱ་བའི་བྱེད་ཐབས་གསར་གཏོད་བྱས་ཏེ། གྲུབ་འབྲས་བཟང་བོ་ལེན་པར་བརྩོན་ལེན་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་བསྟན་དོན། སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་ནི་མཚོ་སྔོན་ཞིང་ཆེན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་འགུལ་གྱི་ཚོང་རྟགས་ཤིག་ཡིན་ལ། དེ་མགོ་བརྩམས་པའི་ཚུན་ནས། ཕན་ཡོད་པའི་སྒོ་ནས་སྤྱི་དམངས་ཀྱི་དཔལ་ཡོན་བྱང་ཚད་དང་སྤྱི་ཚོགས་དཔལ་ཡོན་ཆུ་ཚད་མཐོར་འདེགས་བྱེད་པར་སྐུལ་འདེད་བཏང་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཁྱིམ་ཚང་ནི་སྤྱི་ཚོགས་གྲུབ་བྱེད་ཀྱི་ཕྲ་ཕུང་ལྟ་བུ་ཡིན་ལ། ཁྱིམ་ཚང་འགྲིག་མཐུན་ཡོང་ན་སྤྱི་ཚོགས་བདེ་འཇགས་ཡོང་བ་དང་། ཁྱིམ་ཚང་བདེ་སྐྱིད་ཡིན་ན་སྤྱི་ཚོགས་འཆམ་མཐུན་ཡོང་ལ། ཁྱིམ་ཚང་ལ་དཔལ་ཡོན་ལྡན་ན་སྤྱི་ཚོགས་ལ་ཡང་དཔལ་ཡོན་ལྡན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་ཁྲིད་དུ་བྱེད་པ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་སྣོན་བྱེད་བཞིན་པའི་མཛེས་སྡུག་གི་འཚོ་བའི་ཐད་ཀྱི་དགོས་མཁོ་སྐོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པ། སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་གི་དུས་རབས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བྱ་བའི་བྱེད་ཐབས་གསར་གཏོད་བྱེད་པ་བཅས་བྱས་ནས། གྲུབ་འབྲས་བཟང་བོ་ལེན་པར་བརྩོན་ལེན་བྱེད་དགོས། གཅིག་གྱུར་སྒོས་དཔལ་ཡོན་གྲོང་ཁྱེར་དང་དཔལ་ཡོན་ཞང་གྲོང་། དཔལ་ཡོན་སྡེ་ཁག དཔལ་ཡོན་སློབ་ར་སོགས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་འགུལ་སྤེལ་བ་དང་། མཐུན་སྒྲིལ་སྒོས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སྙེག་ནས། མཉམ་དུ་ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་གྱི་ལེའུ་འབྲི་དགོས་ཟེར།