མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་སྐབས་གསུམ་པའི་ནང་བསྟན་གླེང་སྟེགས་ཟི་ལིང་ནས་ཚོགས།
2017.12.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་སྐབས་གསུམ་པའི་ནང་བསྟན་གླེང་སྟེགས་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན་ཟི་ལིང་ནས་ཚོགས། ཐེངས་འདིའི་གླེང་སྟེགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྣེ་ཁྲིད་དུ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱས་ནས། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་མཐུན་པ་ཡོང་བར་སྣེ་ཁྲིད་བྱེད་པ་བརྗོད་སྙིང་དུ་བྱས་ཡོད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རིན་ཆེན་རྣམ་རྒྱལ་གླེང་སྟེགས་ལ་ཞུགས།

རིན་ཆེན་རྣམ་རྒྱལ་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ནང་བསྟན་ལས་རིགས་ཀྱིས་ཐེངས་འདིའི་གླེང་སྟེགས་གོ་སྐབས་སུ་བརྩི་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་འགོ་ཚུགས་ས་དང་རྐང་འཛུགས་སར་བྱས་ཏེ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མུ་མཐུད་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ། ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་ཕན་ཚུན་མཐུན་པ་ཡོང་བར་སྣེ་ཁྲིད་བྱེད་པ། ནང་བསྟན་དགོན་སྡེའི་སྒྲིག་ལམ་དང་སྡོམ་ཁྲིམས་དམ་སྲུང་བྱེད་པ། ནང་བསྟན་བསམ་བློ་འཛུགས་སྐྲུན་ཐད་ཤུགས་སྣོན་པ། ནང་བསྟན་བདེ་ཐང་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། རྒྱུན་མ་ཆད་པར་ཞིང་ཆེན་ཡོངས་ཀྱི་ནང་བསྟན་ལས་དོན་གྱི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།

ཚོགས་ཐོག་ཏུ། ཚོགས་ཞུགས་མི་སྣ་ཚོས་མཉམ་དུ་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་གཉིས་ཕན་ཚུན་མཐུན་པ་ཡོང་བར་བྱེད་པའི་ལམ་བུ་དང་བྱེད་ཐབས་ཐད་ནས་གྲོས་བསྡུར་བྱས་པ་དང་། ཆོས་ཀྱི་སྙིང་བོའི་ཁྲོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་དུས་རབས་ཡར་ཐོན་གྱི་རེ་བ་དང་མཐུན་པའི་རྒྱུ་རྐྱེན་སྔོག་འདོན་དང་གསལ་བཤད་བྱས་པ་མ་ཟད། ནང་བསྟན་ལས་དོན་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པའི་ཐད་ནས་ནུས་པ་གལ་ཆེན་བཏོན་ནས། ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་ཕན་ཚུན་མཐུན་པ་ཡོང་བར་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་བ་གཅིག་སྒྲིལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ནང་བསྟན་བྱ་བ་བཟང་བོར་བསྒྲུབ་པའི་ཐད་བསམ་བློའི་རྨང་གཞི་བརྟན་པོ་བཏིངས། ཚང་མས་ལང་ལོང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྣེ་ཁྲིད་དུ་བྱེད་པ་དང་། གསར་དུ་བཟོ་བཅོས་བྱས་པའི་ཆོས་ལུགས་བྱ་བའི་སྲོལ་ཡིག་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ། རྒྱུན་མ་ཆད་པར་རང་སྟེང་གི་ནུས་པ་མཐོར་འདེགས་བྱེད་པ། སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པར་བྱེད་པ། དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས། ཧུར་ཐག་གིས་ཆབ་སྲིད་སྟེང་ནས་བློ་གཏད་ཆོག་པ་དང་ཤེས་རྒྱ་ཆེ་བ། ཀུན་སྤྱོད་བཟང་བ། གནད་འགག་སྐབས་སུ་ནུས་པ་འདོན་ཐུབ་པའི་ཚད་ལྡན་གྱི་ནང་བསྟན་དགེ་རྒན་བྱེད་རྒྱུ་ཡིན་ཟེར།