མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྒྲིག་གཞིའི་ཚད་ལེན་ལྟ་ཞིབ་ཁྲིམས་འཛིན་ཐད་ཀར་དོ་དམ་ལམ་ལུགས་བཅོས་སྒྱུར་སྐུལ་སློང་ཚོགས་ཆེན་ཟི་ལིང་ནས་བསྡུས།
2017.12.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྒྲིག་གཞིའི་ཚད་ལེན་ལྟ་ཞིབ་ཁྲིམས་འཛིན་ཐད་ཀར་དོ་དམ་ལམ་ལུགས་བཅོས་སྒྱུར་སྐུལ་སློང་ཚོགས་ཆེན་ཟི་ལིང་ནས་བསྡུས་ཤིང་། ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་། ཀྲུང་དབྱང་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་གིས་དཔར་ནས་བཀྲམ་པའི་ཞིང་ཆེན་མན་གྱི་ཁོར་ཡུག་སྲུང་སྐྱོབ་སྒྲིག་གཞིའི་ཚད་ལེན་ལྟ་ཞིབ་ཁྲིམས་འཛིན་ཐད་ཀར་དོ་དམ་ལམ་ལུགས་བཅོས་སྒྱུར་ཚོད་གནས་བྱ་བའི་མཛུབ་སྟོན་བསམ་འཆར་ཞེས་པ་དངོས་འབེབས་དོན་འཁྱོལ་བྱས་པར་མ་ཟད། མཚོ་སྔོན་གྱི་ཁོར་ཡུག་སྲུང་སྐྱོབ་སྒྲིག་གཞིའི་དྲང་གཞག་དོ་དམ་བཅོས་སྒྱུར་བྱ་བར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་ཐེངས་འདིའི་གྲོས་ཚོགས་ལ་འགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་སྒྲིག་གཞིའི་དྲང་གཞག་བཅོས་སྒྱུར་ཡིག་ཆའི་དགོངས་དོན་གལ་ཆེན་བརྒྱུད་སྒྲོག་བྱས།

ཝང་ཅན་ཅོན་གྱིས་བསྟན་དོན། ཞིང་ཆེན་མན་གྱི་ཁོར་ཡུག་སྲུང་སྐྱོབ་སྒྲིག་གཞིའི་ཚད་ལེན་ལྟ་ཞིབ་ཁྲིམས་འཛིན་ཐད་ཀར་དོ་དམ་ལམ་ལུགས་ནི། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཅོས་སྒྱུར་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་སྐྱེ་ཁམས་ལྕགས་རི་བརྟན་པོ་བསྐྲུན་པ། མགྱོགས་མྱུར་ལྡན་པའི་ངང་དཔལ་འབྱོར་ཞིང་ཆེན་ཆུང་གྲས་ནས་སྐྱེ་ཁམས་ཞིང་ཆེན་ཆེ་གྲས་སུ་བསྒྱུར་བ། སྐྱེ་ཁམས་སྟོབས་ལྡན་གྱི་ཞིང་ཆེན་དུ་བསྒྱུར་བ། ལྗང་མདོག་ཆེ་རུ་རྒྱས་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།

ཚོགས་ཐོག་ནས་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་དང་ཞིང་ཆེན་སྒྲིག་ལུགས་གཞུང་སྒྲུབ་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་སོ་སོར་མཚོ་སྔོན་གྱི་ཐད་ཀར་དོ་དམ་བཅོས་སྒྱུར་བསམ་འཆར་དང་། དྲང་གཞག་སྒྲིག་གཞི་དང་སྒྲིག་འཛུགས་དོ་དམ། ཏང་རྩ་འཛུགས་འཛུགས་སྐྲུན། ལས་བྱེད་པའི་བྱ་བ་བཅས་ཀྱི་ཐད་ནས་སྒྲོག་འགྲེལ་དང་གསལ་བཤད་བྱས།