ཝང་གོ་ཧྲིན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ལྟ་ཞིབ་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་བྱ་བ་ཟབ་སྤེལ་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
2017.12.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རྒྱལ་ཁབ་ལྟ་ཞིབ་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་བྱ་བ་ཟབ་སྤེལ་ཚན་ཆུང་གི་ཚན་གཙོ་ཝང་གོ་ཧྲིན་གྱིས་འགོ་འཛིན་བྱས་ཏེ། ཞིང་ཆེན་རྒྱལ་ཁབ་ལྟ་ཞིབ་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་བྱ་བའི་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས ཚོགས་ཐོག་ནས་དུས་རིམ་སྔོན་མའི་བཅོས་སྒྱུར་ཚོད་ལྟའི་བྱ་བ་སྤེལ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་པར་མ་ཟད། མ་འོངས་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། འདུ་ཤེས་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། འགན་འཁྲི་དང་ཁག་ཁུར་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ལྟ་སྐུལ་མཛུབ་སྟོན་བྱ་བར་ཤུགས་སྣོན་པ། ལྟ་ཞིབ་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་བྱ་བ་དངོས་འབེབས་དོན་འཁྱོལ་དང་དངོས་འབེབས་ཞིབ་མོ་བྱས་ཏེ། མཚོ་སྔོན་གྱི་བཅོས་སྒྱུར་ཚོད་ལྟའི་འགན་འཁྲི་དུས་ལྟར་སྤུས་ཚད་མཐོན་པོའི་སྒོ་ནས་ཡོངས་འགྲུབ་བྱེད་པར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ས་གནས་དང་སྡེ་ཁག་རྣམས་ཀྱིས་ནན་ཏན་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱས་ཏེ། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ལྟ་ཞིབ་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་བྱ་བ་རྨང་རྐང་བརྟན་པོའི་ངང་སྤེལ་བ་དང་། མིག་མཐོང་ལག་ཟིན་གྱི་ཕན་འབྲས་བླངས་ཡོད་ཅིང་། ཚོད་ལྟའི་བྱ་བའི་འགན་འཁྲི་དུས་ལྟར་ཡོངས་འགྲུབ་བྱེད་པ་ལ་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་ཟེར།

ཝང་གོ་ཧྲིན་གྱིས་བསྟན་དོན། མིག་སྔར་བཅོས་སྒྱུར་ཚོད་ལྟའི་བྱ་བ་མགྱོགས་མྱུར་གྱིས་སྤེལ་བའི་དུས་རིམ་དུ་གནས་ཡོད་པས། རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར་དུ། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་བ་དང་འགན་འཁྲི་ཁག་ཁུར་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བཅོས་སྒྱུར་ཁ་ཕྱོགས་དང་བྱ་བའི་རྩ་དོན། ཚོད་ལྟའི་གོ་རིམ་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། གནད་ས་འབུར་ཐོན་ཡོང་བར་བྱེད་པ། གནད་འགག་དམ་འཛིན་བྱེད་པ། མཐུན་སྦྱོར་ཤུགས་འདོན་བཅས་བྱས་ཏེ། ཚོད་ལྟའི་བྱ་བ་དམ་འཛིན་དང་བདེན་འཛིན། ཞིབ་འཛིན་བཅས་བྱེད་དགོས། ཞིང་ཆེན་ཚོད་ལྟའི་བྱ་བའི་ཚན་ཆུང་གིས་མུ་མཐུད་དུ་གཅིག་གྱུར་བཀོད་སྒྲིག་དང་མཐུན་སྦྱོར་བྱས་ཏེ། ལས་རིམ་ཆ་མི་ཚང་བ་ཆ་ཚང་བར་གཏོང་བ་དང་། ལས་གཞི་རེ་རེ་བྱས་ཏེ་དངོས་འབེབས་དམ་འཛིན་བྱེད་དགོས། ཁོངས་གཏོགས་ལས་ཁུངས་སོ་སོས་དངོས་འབེབས་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ། མཐུན་སྦྱོར་ལ་ཤུགས་སྣོན་དང་སྤྱིའི་ཆ་ནས་སྐུལ་འདེད་གཏོང་དགོས། ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་བཅས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཆེད་དམིགས་འགན་འཁྲི་ཕྲག་སྟེང་དུ་བླངས་ནས། རྩ་འཛུགས་ལག་བསྟར་དང་འོས་འགན་དངོས་འབེབས་དོན་འཁྱོལ་ཡོང་བར་བྱེད་དགོས། རིམ་པ་སོ་སོའི་བཅོས་སྒྱུར་ཚོད་ལྟའི་བྱ་བའི་ཚན་ཆུང་དང་གཞུང་སྒྲུབ་ཁང་གིས་མཛུབ་སྟོན་ནུས་པ་དང་མཐུན་སྦྱོར་ནུས་པ། ཞབས་ཞུའི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

ལིག་ཉིང་དང་ཐིན་ཅཱ་ཚའེ། ཝང་ཡུས་པོ། ཡུས་ཚུང་ལི། སྟག་འབུམ་ཐར་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།