མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ལུགས་གསར་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས།
2017.12.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ལུགས་གསར་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་ཚོགས་འདུར་འགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅོན་གཉིས་ཀྱི་མངག་བཅོལ་ལྟར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིང་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ།

ལིག་ཉིང་གིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་མི་སྣ། མི་དམངས་ཚོགས་པ་སོ་སོ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས། མཚོ་སྔོན་དུ་སྡོད་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འདོམས་པ། དྲག་ཆས་ཉེན་རྟོག་དཔོན་དམག་དང་སྤྱི་བདེ་ཉེན་རྟོག་པ། མཚོ་སྔོན་གྱི་འཕེལ་རྒྱས་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་བཅས་ལ་ལྷག་བསམ་རྣམ་དག་གིས་སྨོན་འདུན་དང་ལོ་སར་གྱི་འཆམས་འདྲི་ཞུས།

ལིག་ཉིང་གིས་བཤད་རྒྱུར། འདས་ཟིན་པའི་ལོ་གཅིག་ནང་། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་སྣེ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་རེ་བ་ལྟར། མི་དམངས་ཀྱི་མཛེས་སྡུག་གི་འཚོ་བའི་ཐད་ཀྱི་རེ་སྙེག་དེ་ནམ་ཡང་འབད་འཐབ་དམིགས་འབེན་དུ་བྱེད་པ། ཏང་གི་འཛུགས་སྐྲུན་དེ་ཆབ་སྲིད་ཐད་ཀྱི་གྲུབ་འབྲས་ཆེས་ཆེན་པོ་བརྩི་བ། བློ་གཅིག་སེམས་གཅིག་གིས་བཅོས་བསྒྱུར་ལ་དམ་འཛིན་བྱེད་པ་དང་འཕེལ་རྒྱལ་བརྩོན་ལེན་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ། དཀའ་ཁག་ཁྱད་སེལ་བྱེད་པའི་ཁྲོད་ནས་ལས་དོན་སྣ་ཚོགས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱས་ཏེ། རིགས་སོ་སོའི་མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་འདུ་ཤེས། བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་བླངས། གྲུབ་འབྲས་དེ་དག་ཐད་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན། དམངས་གཙོ་ཏང་ཁག་སོ་སོ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་ཀྱི་རིག་སྟོབས་དང་རྔུལ་ཆུ་འདྲེས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་མཚོ་སྔོན་དུ་སྡོད་པའི་བཅིངས་འགྲོལ་དམག་གི་བཀོད་འདོམས་པ། དྲག་ཆས་ཉེན་རྟོག་དཔོན་དམག་དང་སྤྱི་བདེ་ཉེན་རྟོག་པ་བཅས་ཀྱིས་རྒྱབ་སྐྱོར་ཆེན་པོ་ཐོབ་ཟེར།

ལིག་ཉིང་གིས་བསྟན་དོན། ལོ་གསར་བའི་ནང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་གསར་བ་དང་སྔར་ལས་འགྲན་རྩོད་ལྡན་པའི་ལས་འགན་གསར་བ་དང་རེ་བ་གསར་བར་ཁ་གཏད་དེ། མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་སྣེ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་སྣ་ཚོགས་ལག་ལེན་མཐར་ཕྱིན་བྱེད་པ། གཅིག་གྱུར་སྒོས་གནས་ལྔ་གཞི་གཅིག་གི་སྤྱི་ཁོག་བཀོད་སྒྲིག་སྤེལ་བ། མཐུན་སྦྱོར་ངང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་སྤེལ་ནས། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། དུས་མཉམ་གཅིག་དང་སྔར་ལས་བཞིའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་དེ་རང་འགན་དུ་བརྩི་བ་དང་། བསྒྱུར་དགོས་པ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་བྱས་ཏེ། ཧུར་ཐག་གིས་དུས་རབས་གསར་བའི་མཚོ་སྔོན་གྱི་བྱ་བའི་རྣམ་པ་གསར་བ་སྐྲུན་དགོས། ནམ་ཡང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། འདུ་ཤེས་བཞི་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། རླབས་ཆེན་བཞི་ལག་བསྟར་བྱེད་པ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་འབུར་ཐོན་བྱེད་པ། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་བྱས་ཏེ། མཚོ་སྔོན་གྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་དང་མཚོ་སྔོན་གྱི་གྲུབ་འབྲས་གསར་བ་འགྲེམ་སྟོན་བྱེད་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོ་དབྱི་ཀྲི་ཡིས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣའི་ཚབ་བྱས་ཏེ་གཏམ་བཤད། ཁོས་བསྟན་དོན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག འགན་སྒྲུབ་ནུས་པ་མཐོར་འདེགས་བྱས་ནས། དུས་མཉམ་གཅིག་དང་སྔར་ལས་བཞི་མངོན་འགྱུར་བྱེད་ཆེད་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་ཟེར།

ཚོགས་ཐོག་ཏུ། རིན་ཆེན་རྒྱལ་དང་ལིག་ཉིན་སོགས་ལས་རིགས་སོ་སོའི་མི་སྣའི་གམ་དུ་སོང་ནས། ཚང་མ་དང་ལག་འཇུ་བྱས་ནས་གླེང་མོལ་བྱས་པ་དང་། ཕན་ཚུན་ལ་ལོ་སར་གྱི་འཚམས་འདྲི་བྱས། རིག་རྩལ་བྱ་བ་སྒྲུབ་མཁན་ཚོས་རིག་རྩལ་ལེ་ཚན་ཕུན་སུམ་ཚོགས་པ་འཁྲབ་སྟོན་བྱས།

ཝང་ཞའོ་དང་ཐིན་ཅཱ་ཚེ། ཀྲང་ཞི་མེན། ཝང་ཡུས་པོ། ཡུས་ཚོང་ལི། རྡོ་རྗེ་རབ་བརྟན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་ཚན་ཁག་སྐོར་ཞིག་གི་ཁོངས་མི། ཞིང་ཆེན་རིམ་པའི་ལས་ཁྱུར་ངལ་གསོ་དང་ལས་བྲལ་བྱས་པའི་བློ་མཐུན་རྒན་པ། དམངས་གཙོ་ཏང་ཁག་སོ་སོ་དང་མི་དམངས་ཚོགས་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་གྱི་འགན་ཁུར་བློ་མཐུན། ཟི་ལིང་དུ་ཡོད་པའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་སྐོར་ཞིག རིགས་སོ་སོ་དང་ལས་རིགས་སོ་སོ། ཕྱོགས་སོ་སོའི་ཆེད་མཁས་པ། བསམ་པའི་དཔལ་ཡོན་གྱི་སྔོན་ཐོན་མི་སྒེར་དང་གཞི་རིམ་སྲིད་གྲོས་ཀྱི་འཐུས་མི་བཅས་ཇ་སྟོན་ཚོགས་འདུར་ཞུགས།