ཝང་གོ་ཧྲིན་སོགས་ཀྱིས་ལུགས་གསར་ལོ་སར་སྐབས་སུ་ལས་གནས་བརྟན་སྲུང་བྱེད་བཞིན་པའི་ལས་བཟོ་བ་དང་སྤྱི་བདེ་ཉེན་རྟོག་ལས་བྱེད་པར་འཚམས་འདྲི་བྱས།
2018.01.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་རླངས་འཁོར་དུ་བསྡད་དེ། ཟི་ལིང་མེ་འཁོར་འབབ་ཚུགས་དང་ཧུང་ཀོང་བཞི་མདོའི་ལམ་གནས་གཉིས་སུ་སོང་ནས། ལུགས་གསར་ལོ་སར་སྐབས་སུ་ལས་གནས་བརྟན་སྲུང་བྱེད་བཞིན་པའི་ལས་བཟོ་བ་དང་སྤྱི་བདེ་ཉེན་རྟོག་ལས་བྱེད་པར་འཚམས་འདྲི་བྱས་པར་མ་ཟད། ཁོ་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས།

སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་ལྔ་བཅུའི་སྟེང་དུ། ཝང་གོ་ཧྲིན་ཟི་ལིང་མེ་འཁོར་འབབ་ཚུགས་སུ་ཡོང་ནས། ལས་རེས་འཁོར་གྱིན་པའི་ལས་བཟོ་བ་རེ་རེར་སྙིང་ཉེ་བའི་ངང་ལག་འཇུ་བྱས་ཏེ། ཁོ་ཚོར་དུས་ཆེན་གྱི་འཚམས་འདྲི་བྱས། དེའི་རྗེས། ཝང་གོ་ཧྲིན་མེ་འཁོར་འབབ་ཚིགས་ཀྱི་མེ་འཁོར་ལ་སྒུག་སའི་ཚོམས་ཆེན་དུ་འབྱོར་ནས། མཚོ་བོད་ལྕགས་ལམ་ཀུང་ཟིའི་འགན་ཁུར་བློ་མཐུན་གྱིས་ལུགས་གསར་ལོ་སར་སྐབས་སུ་མེ་འཁོར་འབབ་ཚུགས་ཀྱི་འགྲུལ་བ་ཕར་སྐྱེལ་ཚུར་ལེན་དང་དངོས་ཟོག་སྐྱེལ་འདྲེན། མེ་འཁོར་གཏོང་གྲངས། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་རྗེས། ལས་བཟོ་བ་དང་འགྲུལ་བ་རྣམས་ལ་སྙིང་ཉེ་བའི་ངང་ནས་ཁ་བརྡ་བྱས། འགྲུལ་སྐྱེལ་ཞབས་ཞུ་ལྟེ་གནས་སུ། ཝང་གོ་ཧྲིན་གྱིས་ལས་རེས་འཁོར་མཁན་ལིས་ཀོས་ཡུན་དང་རའོ་ཡ་ཅེ། སུང་ཅེ་བཅས་ལ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པའི་ངོས་ཟིན་དང་། ལས་རྐང་སྟེང་གི་འགན་ནུས་དང་ཁག་ཁུར་གྱི་འདུ་ཤེས། དུས་ཆེན་སྐབས་ཀྱི་བྱ་བའི་གནས་ཚུལ་བཅས་ཀྱི་སྐོར་ནས་འདྲི་རྟོག་བྱས། ཝང་གོ་ཧྲིན་གྱིས་ལས་རྐང་བརྟན་སྲུང་བྱེད་ཀྱིན་པའི་ལས་བྱེད་པ་ཚོར་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དངོས་ཡོད་བྱ་བའི་ཁྲོད་ནས་དངོས་འབེབས་དོན་འཁྱོལ་བྱེད་དགོས་པ་དང་། མི་དམངས་ཀྱི་བདེ་སྐྱིད་འཚོ་བ་རོལ་འདོད་ཀྱི་དགོས་མཁོ་གསར་བར་བསྟུན་ཅི་ཐུབ་བྱས་ཏེ། རང་སོ་སོའི་ལས་གནས་ནས་རྐང་བཙུགས་ཏེ་བྱ་བ་བཟང་བོར་བསྒྲུབ་དགོས་ཤིང་། ཏང་དང་སྲིད་གཞུང་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྒྱུད་སྤྲོད་བྱས་མཐར། མེ་འཁོར་དུ་འདུག་པའི་འགྲུལ་བ་རྣམས་ལ་བདེ་མོ་དང་སྟབས་བདེ་ཡི་ཞབས་ཞུའི་རྣམ་འགྱུར་བསྟན་ནས། མང་ཚོགས་ཀྱི་ཐོབ་འདོད་རེ་བ་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར།

ལུགས་གསར་ལོ་སར་གྱི་སྐབས་སུ། ཟི་ལིང་མེ་འཁོར་འབབ་ཚུགས་སུ་འགྲུལ་བ་ཕར་འགྲོ་ཚུར་འོང་གི་འདུ་འགོད་ཆེ་ཞིང་། བདེ་འཇགས་འགན་སྲུང་གི་འགན་འཁྲི་སྔར་ལས་ཆེ་བ་ཡིན། དྲག་ཆས་ཉེན་རྟོག་པ་དང་ཆེད་དམིགས་ཉེན་རྟོག་པ། དྲག་ཤུགས་སྔོན་འགོག་ཉེན་རྟོག་པ་བཅས་ཀྱིས་སྔར་སྲོལ་བཞིན་རང་རང་གི་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད་ཅིང་། ཝང་གོ་ཧྲིན་ཁོ་ཚོའི་སར་སོང་སྟེ་སྙིང་ཉེ་བའི་སྒོ་ནས་འཚམས་འདྲི་བྱས།

ཧུང་ཀོང་བཞི་མདོ་ལམ་ཆེན་དུ་རླངས་འཁོར་གྱི་འཚང་ཁ་རྒོད་ཅིང་། ལས་རེས་འཁོར་མཁན་ཉེན་རྟོག་པ་དང་འགྲིམ་འགྲུལ་ཉེན་རྟོག་པས་བྲེལ་ཟིང་གི་ཁྲོད་ན་རང་སོ་སོའི་ལས་ཀ་གཉེར་བཞིན་ཡོད། ཝང་གོ་ཧྲིན་གྱིས་ལས་བཟོ་བ་རྣམས་དང་རེ་རེ་བྱས་ཏེ་ལག་འཇུག་བྱས་ནས་ཁོ་ཚོར་བཤད་རྒྱུར། ཚང་མས་ཉིན་མཚན་གྱི་དབྱེ་བ་མེད་པར་ལས་རྐང་བརྟན་སྲུང་བྱས་ནས་དཀའ་ལས་ཆེན་པོ་མྱངས་སོང་བས། ངས་འདི་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཁྱོད་ཚོར་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བཀའ་དྲིན་ཞུས་པ་ཡིན་ཟེར།
ཝང་ཡུས་པོ་དང་ཡུས་ཚུང་ལི་གཉིས་གོང་གསལ་བྱ་འགུལ་ལ་ཞུགས།