མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་དགུ་བཏང་སྟེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་།
2018.01.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཉིས་སྟོང་བཅུ་བདུན་ལོར། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ཡུལ་སྐོར་ཐོན་ལས་བཟང་བོར་སྒྲུབ་སྟེ་ཡུལ་སྐོར་ཐོན་ལས་དངུལ་གཏོང་ལ་སྐུལ་འདེད་གཏོང་བར་དམིགས་ནས་ལས་གཞིས་གསར་སྤེལ་ལ་སྐུལ་འདེད་གཏོང་བ་དང་མ་དངུལ་བཏང་སྟེ་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱེད་ཐབས་སྤྱད་དེ་ཡུལ་སྐོར་དངུལ་གཏོང་འཛུགས་སྐྲུན་ཤུགས་ཚད་ཇེ་ཆེར་བཏང་བ་དང་དངུལ་གཏོང་གཙོ་གཞིའི་སྣ་མང་ཅན་ལ་སྐུལ་འདེད་བཏང་བ་དང་། ཚོང་འགུག་དངུལ་འདྲེན་བྱས་པའི་མ་དངུལ་སྒོར་དུང་ཕྱུར་དགུར་སླེབས་ནས་ཉིས་སྟོང་བཅུ་བདུན་ལོའི་ཚོང་འགུལ་དངུལ་འདྲེན་དཔྱད་ཞིབ་དམིགས་འབེན་ལས་འགན་ཡོངས་གྲུབ་བྱས་ལ། ནུས་ཡོད་སྒོས་ཡུལ་སྐོར་འདོན་སྤྲོད་ཇེ་མང་དུ་བཏང་བ་བརྒྱུད། ཡུལ་སྐོར་ལས་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་། ཉིས་སྟོང་བཅུ་བདུན་ལོའི་ཚུན་ལ། ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ཚོང་འགུག་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་དང་ཡུལ་སྐོར་ལས་གཞིའི་མཛོད་འཐུས་ཚང་དུ་བཏང་ཞིང་། ཡུལ་སྐོར་ལས་གཞི་གཙོ་བོའི་གསོག་འཇོག་ཇེ་མང་དུ་བཏང་། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་གཞིའི་ཁྲོད་གསར་སྤེལ་ཆ་རྐྱེན་བཟང་བ་དང་སྤྱི་ཚོགས་ཕན་ནུས་དྲག་པའི་ཡུལ་སྐོར་ལས་གཞི་སྐོར་ཞིག་གདམ་གསེས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཚོང་འགུག་ལས་གཞིའི་མཛོད་གཙོ་བོའི་ཁྲོད་བཞག་པ་དང་། མཚོ་སྔོན་ཡུལ་སྐོར་ཚོང་འགུག་དངུལ་འདྲེན་ལས་གཞིའི་ལག་དེབ་ཅེས་པ་སོགས་རྩོམ་སྒྲིག་བྱས་ཤིང་། འོས་སྦྱོར་དང་ཡིག་ཐོག་སྙན་ཞུ་བྱས་པའི་ཡུལ་སྐོར་ལས་གཞི་གཙོ་བོ་བཅུ་དགུ་ཉིས་སྟོང་བཅུ་བདུན་ལོའི་རྒྱལ་ཡོངས་ལེགས་འདེམས་ཡུལ་སྐོར་ལས་གཞིའི་མིང་མཛོད་ཁྲོད་ཚུད་དེ་ཡུལ་སྐོར་ཚོང་འགུག་དངུལ་འདྲེན་ཐད་རྨང་གཞི་བརྟན་པོ་བཏིངས། ཧུར་ཐག་གིས་ཡུལ་སྐོར་ཚོང་འགུག་རྒྱུ་ལམ་རྒྱ་བསྐྱེད་པ་དང་རབ་མཛེས་མཚོ་སྔོན་གྱི་དྲིལ་སྒྲོག་བྱ་འགུལ་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་མང་བོ་རུ་རབ་མཛེས་མཚོ་སྔོན་གྱི་ཡུལ་སྐོར་མིང་རྟགས་གྲགས་ཅན་ཁྱབ་སྤེལ་དང་ཚོང་འགུག་དངུལ་འདྲེན་བྱ་འགུལ་སྤེལ་ཏེ་ནུས་ཡོད་སྒོས་ཡུལ་སྐོར་ཚོང་འགུག་དངུལ་འདྲེན་ལ་སྐུལ་འདེད་བཏང་བ་དང་ཚོང་འགུག་དངོས་ཕན་ཇེ་དྲག་ཏུ་བཏང་།

བྱེད་ཐབས་སྣ་མང་སྤྱད་དེ་ཡུལ་སྐོར་ཐོན་ལས་དངུལ་གཏོང་ལ་སྐུལ་འདེད་བཏང་བ་དང་དངུལ་རྩའི་སྡེ་ཁག་བར་གྱི་མཉམ་ལས་ཇེ་དྲག་ཏུ་བཏང་སྟེ་ཡུལ་སྐོར་དང་དངུལ་རྩ་་མཉམ་བསྲེས་སྟེགས་བུའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པ་དང་དངུལ་གཏོང་རྒྱུ་ལམ་རྒྱ་བསྐྱེད་ལ། རྒྱལ་ཁང་གསར་སྤེལ་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་སོགས་དངུལ་ཁང་དྲུག་དང་མཉམ་དུ་སོ་སོར་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་དེ་ཡུལ་སྐོར་ལས་གཞི་གཙོ་བོ་དང་ལས་རྣམ་གསར་པའི་ཐད་ཀྱི་དངུལ་རྩའི་རྒྱབ་སྐྱོར་ཇེ་ཆེར་བཏང་།