ཝང་གོ་ཧྲིན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་དམག་དམངས་མཉམ་འདྲེས་འཕེལ་རྒྱས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།
2018.01.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

 ཟླ་དང་པོའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པ་གཉིས་ཀྱི་སྟེང་ནས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པར་མ་ཟད། མཚོ་སྔོན་གྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་དམངས་མཉམ་འདྲེས་འཕེལ་རྒྱས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་འཐབ་ཇུས་ཀྱི་བསམ་བློ་གལ་ཆེན་ཁྲིད་སྟོན་དུ་བཟུང་ནས། ཏང་གི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་ཐུན་མོང་གཅིག་བསྡུས་དང་འགོ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་དང་གསར་གཏོད་གསར་འབྱེད་ཀྱི་སྦྱོར་བ་ལ་བརྟེན་ནས། ཧུར་བརྩོན་ཆེན་པོས་མཚོ་སྔོན་གྱི་ད་ཡོད་དམག་དམངས་མཉམ་འདྲེས་འཕེལ་རྒྱས་དང་འཚམ་པའི་བགྲོད་ལམ་གསར་བའི་སྟེང་བསྐྱོད་ཐུབ་དགོས་ཟེར།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་དང་། ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ལྡན་གྱི་ཕུགས་འདུན་མངོན་དུ་འགྱུར་བར་གཞི་རྩའི་ཆོས་ཉིད་འདོན་སྤྲོད་བྱས་ཡོད། ང་ཚོས་ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་བ་དང་འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་འཐབ་ཇུས་བསམ་བློར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་གནད་ཐིག་དང་སྤྱིའི་བླང་བྱ། འབད་འཐབ་དམིགས་འབེན། བགྲོད་ལམ་མངོན་འགྱུར་བཅས་ལ་གོ་བ་ཡང་དག་ལེན་དགོས། རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་དང་གནས་བབ་གསར་བའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཐབས་དངོས་འབེབས་དོན་འཁྱོལ་བྱས་ཏེ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱེད་དགོས། མགྱོགས་མྱུར་ངང་མཐུན་རྐྱེན་ཆ་ཚང་གྲུབ་པར་བྱེད་པ་དང་། ཁྱབ་ཁོངས་མང་ལ་ཕན་འབྲས་མཐོ་བའི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་རྣམ་པ་གྲུབ་པར་བྱེད་དགོས། དམག་དམངས་གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་བྱེད་ནུས་བཙུགས་ནས། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་དམངས་མཉམ་འདྲེས་འདུ་ཤེས་དང་བླང་བྱ་དེ་ཉིད། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་གཉིས་ཀྱི་ལས་རིམ་ཧྲིལ་བོའི་ཁྲོད་བརྒྱུས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པར་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས་མཐར། ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ལྡན་གྱི་ཕུགས་འདུན་མངོན་དུ་འགྱུར་བར་བྱས་རྗེས་ཆེན་པོ་དང་བྱས་རྗེས་གསར་བ་འཇོག་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་དམག་དམངས་མཉམ་འདྲེས་གཏིང་ཟབ་མོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཤུགས་ཆེན་པོས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་གནད་དོན་ཐག་གཅོད་བྱེད་དགོས། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་འབྲེལ་བར་གོ་བ་ཡང་དག་བླངས་ནས། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཇུས་འགོད་ལ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། ཇུས་ཆོད་ཀྱི་ཚན་རིག་རང་བཞིན་དང་ཁ་གཏད་རང་བཞིན། ཕན་འབྲས་རང་བཞིན་བཅས་ཇེ་མཐོར་གཏོང་དགོས། གླེང་ཕྱོགས་སྣེ་འདོམས་བྱེད་ཤུགས་དང་དྲིལ་སྒྲོག་འགྲེལ་བརྗོད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། སྔོན་ཐོན་དང་དཔེ་སྟོན་བསལ་འདེམས་བྱས་ཏེ། དཔེ་སྟོན་སྣེ་འདོམས་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། མཉམ་འདྲེས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། བར་མ་ཆད་པའི་སྒོ་ནས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཝང་ཅན་ཅོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་གཉིས་པའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་མཚོ་སྔོན་ཞིང་ཆེན་གྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་བྱ་བའི་ཨུ་ཡོན་ལྷན་ཁང་འཛུགས་པའི་བརྡ་ཐོ་ཞེས་པ་སྒྲོག་འདོན་བྱས། ཝང་ཡུས་པོ་ཡིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་བྱ་བའི་གནས་ཚུལ་དང་མ་འོངས་པའི་བྱ་བ་གཙོ་བོའི་བསམ་ཕྱོགས་སྙན་ཞུར་ཕུལ།

གྲོས་ཚོགས་ལས་ད་དུང་མཚོ་སྔོན་ཞིང་ཆེན་དམག་དམངས་མཉམ་འདྲེས་འཕེལ་རྒྱས་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྒྲིག་སྲོལ་ཞེས་པ་དང་། མཚོ་སྔོན་ཞིང་ཆེན་དམག་དམངས་མཉམ་འདྲེས་འཕེལ་རྒྱས་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་བྱ་བའི་སྒྲིག་སྲོལ་ཞེས་པ། མཚོ་སྔོན་ཞིང་ཆེན་དམག་དམངས་མཉམ་འདྲེས་འཕེལ་རྒྱས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཉེ་བའི་དུས་ཀྱི་བྱ་བ་གཙོ་བོ་ཞེས་པ་བཅས་ལ་གྲོས་འཆམ་བྱུང་།

ཡུས་ཚུང་ལི་དང་ཆོས་ཞིན་ཡུང་། ལིས་ཉིན། ཝང་ལིས་མེན་བཅས་ཐེངས་འདིའི་བྱ་བར་ཞུགས།