མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བདུན་གཅིག་ཐིག་སྲིད་དོན་ལྟ་སྒྲུབ་མ་ལག་འགྲུབ་སྟེ་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་མ་ལག་སོ་སོ་ནས་བཀོལ་མགོ་བརྩམས།
2018.01.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་དང་པོའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་མ་ལག་གིས་བདུན་གཅིག་ཐིག་གི་སྲིད་དོན་ལྟ་སྒྲུབ་མ་ལག་འགྲུབ་ནས་དངོས་སུ་བཀོལ་པར་སྐུལ་སློང་དང་ཟབ་སྦྱོང་སྤེལ་བའི་གྲོས་ཚོགས་བསྡུས་ཤིང་། དུས་ཡུན་ཟླ་ངོ་བཞི་ལྷག་གི་རིང་ལ་འབད་འབུངས་ལྷོད་མེད་བྱས་མཐར། གཞི་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བདུན་གཅིག་ཐིག་གི་སྲིད་དོན་ལྟ་སྒྲུབ་མ་ལག་དངོས་སུ་འགྲུབ་ནས་བཀོལ་མགོ་བརྩམས།

སྔར་ལས་ལྷག་པའི་སྒོ་ནས་སྲིད་དོན་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། བྱ་བའི་སྒྲིག་ལུགས་དངོས་འབེབས་བྱེད་པའི་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་ཡོང་ཆེད། ཉིས་སྟོང་བཅུ་བདུན་ལོའི་ཟླ་བཞི་བའི་ནང་དུ། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་དོན་དྲུག་པའི་སྟེང་དུ། བདུན་གཅིག་ཐིག་གི་བྱ་བའི་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་། སྤྱིར་བཏང་གི་ལས་དོན་ཡིན་ན་ཉིན་བདུན་གྱི་དུས་ཡུན་ནང་གྱོད་དོན་ཐག་གཅོད་བྱེད་དགོས་ཤིང་། དཀའ་རྙོག་ཅན་གྱི་ལས་དོན་ཡིན་ན་དུས་ཡུན་ཟླ་ངོ་གཅིག་གི་རིང་ལ་ཐག་གཅོད་དགོས། ལོ་འགོར་གཏན་འབེབས་བཟོས་པའི་ལས་རིམ་ཁག་ཚང་མ་ལོ་མཇུག་ཏུ་ཐོན་ན་ལྷག་ལུས་མེད་པར་ཡོངས་འགྲུབ་བྱེད་དགོས་པར་གདམས་ཡོད།

བྱ་བའི་ལམ་ལུགས་འདི་བཏོན་རྗེས། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་སྔ་གཞུག་ཏུ་བརྡ་ཐོ་གཅིག་དང་ལམ་ལུགས་ཆ་ཚང་གསུམ་བསྒྲགས་ནས། ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་བ་ཞིག་རིམ་གྱིས་གྲུབ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་སྡེ་ཁག་སོ་སོས་ལམ་ལུགས་དངོས་འབེབས་བྱེད་རྒྱུ་ནི་བྱ་བར་ཡར་སྐུལ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཏེ། ལས་རིམ་ཁག་སོ་སོའི་འོས་འགན་ཡོངས་འགྲུབ་ཐད་བྱེད་ནུས་མངོན་གསལ་འདོན་སྤེལ་བྱས། སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་ཕན་འབྲས་དང་ལས་ཆོད། ལྟ་ཞིབ་ཀྱི་ཕན་འབྲས་རང་བཞིན་བཅས་ཇེ་མཐོར་གཏོང་བ་དང་། ལྟ་ཞིབ་ལྟ་སྒྲུབ་ཁྱབ་ཁོངས་ཡོངས་ཁེབས་པར་བྱེད་ཆེད། ཞིང་ཆེན་སྲིད་གཞུང་ལྟ་ཞིབ་ཁང་དང་ཞིང་ཆེན་སྲིད་གཞུང་གློག་རྡུལ་སྲིད་དོན་གཞུང་སྒྲུབ་ཁང་གིས་ཆ་འཕྲིན་ཅན་གྱི་ཕན་འབྲས་དང་གྲངས་རིག་ཅན་གྱི་ཚད་ལྡན་བསམ་བློར་དམིགས་ནས། ཇུས་འགོད་ལེགས་པོ་འཐེན་ཏེ། གཞི་ནས་ཞིང་ཆེན་སྲིད་གཞུང་གི་བདུན་གཅིག་ཐིག་གི་སྲིད་དོན་ལྟ་སྒྲུབ་མ་ལག་འཛུགས་ཐུབ་པ་བྱུང་།