མཚོ་ནུབ་ཀྱིས་སྨན་བཅོས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་གྲུབ་འབྲས་བཟང་བོ་བླངས།
2018.01.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་བའི་ལོ་འགའི་རིང་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུན་མ་ཆད་པར་སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱུན་མ་ཆད་པར་སྨན་བཅོས་འགན་སྲུང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱས་ཏེ། མང་ཚོགས་ཀྱི་མཉམ་འཛུགས་མཉམ་སྤྱོད་ཁྲོད་ཀྱི་ཐོབ་ཚོར་ཇེ་དྲག་ཏུ་བཏང་།
མཚོ་ནུབ་ཁུལ་མཁར་གྲོང་སྡོད་དམངས་གཞི་རྩའི་སྨན་བཅོས་འགན་སྲུང་གྱི་གནས་སྐབས་ཀྱི་བྱེད་ཐབས་གཏན་འབེབས་བྱས་པ་མ་ཟད་འགྲེམ་སྤེལ་བྱས་ནས། ཐོག་མར་ཞིང་ཆེན་ཡོངས་ནས་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་ཁུལ་རིམ་པའི་གཅིག་གྱུར་འཆར་འགོད་ལག་བསྟར་བྱས་པ་དང་། སྔོན་ཆད་ཀྱི་རིགས་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་འགན་སྲུང་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གཉིས་མཉམ་བསྲེས་བྱས་ཏེ། མཁར་གྲོང་གི་རྒྱུ་གཉིས་ཁག་བགོས་རྣམ་པ་མེད་པར་བཟོས། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ལས་སྒོ་ཚོང་ལས་ཉེན་སྲུང་ཀུང་ཟི་ཡིས་བསྒྲུབ་པར་བརྒྱུད་སྤྲོད་བྱས་ནས། སྲིད་ཇུས་ཐོབ་ཐང་དང་མ་དངུལ་དོ་དམ། ལག་བསྟར་ཞབས་ཞུ། ཆ་འཕྲིན་མ་ལག་སོགས་ཕྱོགས་ཀྱི་གཅིག་གྱུར་མངོན་འགྱུར་བྱས། 

དེ་དང་མཉམ་དུ། མཚོ་ནུབ་ཁུལ་གྱིས་རྒྱུན་མ་ཆད་པར་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་དངུལ་གྲབས་གསོག་བྱེད་པའི་ཚད་གཞི་ཇེ་མཐོར་བཏང་སྟེ། ལོ་རེར་མི་རེའི་སྒོར་དྲུག་བརྒྱ་དང་བརྒྱད་ཅུ་སླེབས་པར་བྱས་པ་དང་། མི་སྒེར་གྱིས་སྒོར་བརྒྱ་དང་ང་བཞི་སྤྲོད་དགོས་ལ། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཐད་ཀྱི་རིམ་པ་གསུམ་པ་དང་རིམ་པ་གཉིས་པ། རིམ་པ་དང་པོའི་གནས་གཏན་ཁེལ་བྱས་པའི་སྨན་བཅོས་སྡེ་ཁག་ཏུ་ཞག་སྡོད་བྱེད་སྐབས་ཀྱི་སྨན་རིན་རྩིས་ཞུ་བསྡུར་ཚད་སོ་སོར་བརྒྱ་ཆའི་བདུན་ཅུ་དང་བརྒྱ་ཆའི་བརྒྱད་ཅུ། བརྒྱ་ཆའི་དགུ་བཅུ་རུ་ཇེ་མཐོར་བཏང་བ་དང་། ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་སྲུང་དང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་མ་དངུལ་གྱི་ལོ་ཧྲིལ་བོའི་ཆེས་མཐོ་བའི་སྨན་རིན་གྱི་གྲངས་བཅད་སོ་སོར་སྒོར་འབུམ་གཉིས་དང་ཁྲི་ལྔ་དང་འབུམ་གཅིག་ཏུ་སླེབས།

ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་དང་རོགས་སྐྱོར་དབུལ་ཐར་འགུལ་སྐྱོད་འཆར་གཞི་ལྟར། ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་སྟོང་གཅིག་ཉིས་བརྒྱ་བཅོ་བརྒྱད་སྨན་བཅོས་འགན་སྲུང་ཁྲོད་ཞུགས་ནས། སྨན་བཅོས་འགན་སྲུང་དབུལ་ཕོངས་མང་ཚོགས་ཡོངས་སུ་ཁེབས་པར་བྱས་པ་དང་། ཁུལ་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་ནས་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཀྱི་རིན་གོང་བཅོས་བསྒྱུར་སྤེལ་ནས། ཞབས་ཞུའི་རྣམ་གྲངས་སྟོང་དགུ་དང་བདུན་བརྒྱ་བཅུ་བཞི་ཐད་ནས་རིན་གོང་གཏན་ཁེལ་བྱས།