མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞིའི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2018.01.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ1པའི་ཚེས27ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞིའི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། གྲོས་ཚོགས་ལ་ཞུགས་དགོས་པའི་ཀྲུའུ་ཞིའི་ཚོགས་པའི་ཚོགས་མི་ང་བདུན་ཡིན་པ་དང་། དངོས་སུ་གྲོས་ཚོགས་ལ་ཞུགས་པའི་མི་ང་བཞི་ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན།

ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་གོ་ཧྲིན་དང་ལིག་ཉིན། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅྰ་ཚའེ། ཀྲང་ཞིས་མེན། ཝང་ཡུས་ཡན། ཡུས་ཚུང་ལི། མྰ་ཅིས་ཞའོ། ཆུའུ་ཞིན་ཡུང་། ཀྲང་ཀོང་རོང་། མྰ་ཝེ་བཅས་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅོན་དང་ཝང་ཡུས་པའོ། ཡན་ཅིན་ཧེ་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་བརྒྱད་ཡོད་པ་སྟེ། གཅིག རིགས་སོ་སོའི་འདེམས་སྒུག་མི་སྣ་དང་འདེམས་མིའི་གནས་ཚུལ་གྱི་གསལ་བཤད་ལ་ཉན་པ། གཉིས། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ། དྲུང་ཡིག་ཆེན་མོ། ཨུ་ཡོན་བཅས་ཀྱི་འདེམས་སྒུག་མི་སྣའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་བ། གསུམ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་དང་ཧྲིན་ཀྲང་གཞོན་པའི་འདེམས་སྒུག་མི་སྣའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་བ། བཞི། མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོའི་འདེམས་སྒུག་མི་སྣའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་བ། ལྔ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པར་ཞུགས་པའི་འཐུས་མིའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་བ། དྲུག མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་འདེམས་མིའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་བ། བདུན། འདེམ་ཤོག་ལྟ་ཞིབ་མི་སྣའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་སྤྱི་ཁྱབ་འདེམ་ཤོག་ལྟ་ཞིབ་པའི་མི་སྣའི་མིང་འདོན་པ། བརྒྱད། འཐུས་མིས་མཉམ་འབྲེལ་སྒོས་འདེམས་སྒུག་མི་སྣའི་མིང་འདོན་པའི་མཚམས་འཇོག་པའི་དུས་ཚོད་ཀྱི་གཏན་འཁེལ་འཆར་ཟིན་ལ་གྲོས་འཆམ་བྱུང་བ་བཅས་རེད།

གྲོས་ཚོགས་ལས་རིམ་པ་བཞིན་གོང་གི་གྲོས་རིམ་དག་ལ་གྲོས་འཆམ་བྱུང་།

ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གྲོས་ཚོགས་ལ་ཐོན་ནས་མཛུབ་སྟོན་བྱས།