ཝང་གོ་ཧྲིན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གསར་བདམས་མི་སྣའི་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།
2018.02.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

 ཟླ་གཉིས་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ནས་གསར་དུ་བདམས་ཐོན་བྱུང་བའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ། དྲུག་ཡིག་ཆེན་མོ། ཨུ་ཡོན། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ལྟ་སྐུལ་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན་ཨུ་ཡོན། ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱིས་རྩ་ཁྲིམས་ལ་དམ་འཇའ་འཇོག་པའི་མཛད་སྒོ་བསྡུས་ཤིང་། ཝང་གོ་ཧྲིན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་དམ་བཅའ་དང་ལེན་བྱས།

རྒྱལ་རྟགས་གཟི་བརྗིད་ལྡན་ཞིང་རྒྱལ་དར་ལ་བཀྲག་མདངས་ལྡན། དམ་བཅའ་འཇོག་མཁན་མི་བརྒྱ་དང་གཅིག་གིས་ཡུལ་དངོས་ནས་མགྲིན་གཅིག་དབྱངས་གཅིག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

རྒྱལ་གླུ་མཇུག་རྫོགས་མ་ཐག དམ་བཅའ་དང་ལེན་པ་ཝང་གོ་ཧྲིན་དམ་བཅའ་འཇོག་སའི་སྟེགས་བུའི་མདུན་གྲལ་དུ་སོང་ནས། གཡོན་ལག་རྩ་ཁྲིམས་ཀྱི་སྟེང་བཞག་ནས་གཡས་ལག་ཡར་བཀྱགས་ཏེ། དམ་བཅའ་སྒྲོག་འདོན་བྱས། རྩ་ཁྲིམས་ལ་དམ་བཅའ་འཇོག་མཁན་ཚང་མ་དམ་བཅའ་དང་ལེན་པའི་རྗེས་སུ་གྲལ་བསྒྲིགས་ཏེ། གཡས་ལག་ཡར་བཀྱགས་ནས་དམ་བཅའ་དབྱངས་སུ་གྱེར།

ངས་ང་རང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བློ་དཀར་བ་དང་རྩ་ཁྲིམས་ཀྱི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ། ཁྲིམས་ཀྱིས་གཏན་འབེབས་བཟོས་པའི་འགན་ནུས་ལག་བསྟར་བྱེད་པ། མེས་རྒྱལ་དང་མི་དམངས་ལ་བློ་དཀར་བ། འགན་ནུས་ཡོངས་འགྲུབ་དང་ལག་གནས་བརྟན་སྲུང་བྱེད་པ། སྤྱོད་གཙང་གཞུང་དྲང་ཡོང་ཐབས་ལ་འབད་པ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་ལ་བརྩོན་མཐར། འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་འཛུགས་པར་འབད་འབུངས་ཧུར་ཐག་བྱེད་རྒྱུར་དམ་བཅས་པ་ཡིན་ཟེར།

ཚང་མས་མགྲིན་གཅིག་ཏུ་བཞེད་དོན། རྩ་ཁྲིམས་ལ་བློ་དཀར་བ་དང་རྩ་ཁྲིམས་བརྩི་སྲུང་བྱེད་པ། རྩ་ཁྲིམས་ལ་སྲུང་སྐྱོབ་བྱེད་པ། རྩ་ཁྲིམས་ལག་བསྟར་ལ་སྐུལ་འདེད་བཅས་བྱེད་རྒྱུ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཐེངས་འདིའི་དམངས་ཆེན་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། སྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབས་བྱས་མཐར། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པར་འབད་འབུངས་ཧུར་བསྐྱེད་བྱེད་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་དང་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་། མཱ་ཝེ། ཀོ་ཧྭ། ཉི་མ་སྒྲོལ་མ། ཝུའུ་ཁྲིན་ཡོན། ཝུའུ་ཧེ་ཁོན། ལིག་ཐུང་ཏི། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ཝང་ཅན་ཅོན། མཚོ་སྔོན་ཞིང་ཆེན་ལྟ་སྐུལ་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ། ཡན་ཅིན་ཧེ། ཁོང་ཡུང་། ཧན་ཅིན་ཧྭ། ཝང་ལིས་མེན། ཡང་ཧྥིན་ཁྲོན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཀྲང་ལིས། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མེན་ཀོ་བཅས་ཀྱིས་རྩ་ཁྲིམས་ལ་དམ་བཅའ་བཞག །