2017ལོར། མཚོ་སྔོན་ཞིང་ཆེན་གྱི་ཞིང་གསུམ་ཕྱུགས་གསུམ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས།
2018.02.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

2017ལོར། མཚོ་སྔོན་ཞིང་ཆེན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཙོ་ཐིག་ཏུ་བྱེད་པ། བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་བྱེད་ཐབས་སུ་བྱེད་པ། ཞིང་ཕྱུགས་ལས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་རྒྱུ་དེ་དམིགས་འབེན་དུ་བྱས་ནས། དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཐོན་སྐྱེད་མ་ལག་དང་ཐོན་ལས་མ་ལག ཚོང་གཉེར་མ་ལག་འཛུགས་སྐྲུན་བྱེད་པ། བྱ་བ་སྣ་ཚོགས་གཅིག་གྱུར་སྒོས་སྤེལ་བས། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་དཔལ་འབྱོར་སྤྱི་ཁོག་ནས་བརྟན་བརླིང་ཡིན་པ་དང་། བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་སུ་སོང་ལ། ཞིང་ཆེན་ཡོངས་ཀྱི་ཞིང་གསུམ་ཕྱུགས་གསུམ་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་བསྣན།

རྒྱུས་ལོན་བྱུང་བ་ལྟར་ན། 2017ལོའི་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་ཐད་ནས་བརྟན་བརླིང་ངང་འཁོར་སྐྱོད་བྱས་པ་དང་། ཐོན་ལས་དང་པོའི་ཁ་སྣོན་རིན་གྲངས་བརྒྱ་ཆའི་ལྔ་ཙམ་ཁ་སྣོན་བྱས་པ་དང་། ཞིང་སྡེ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་སྒོ་བརྒྱ་ཆའི་བཅུ་གཅིག་ལྷག་ཁ་སྣོན་བྱས་་ལ། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་ཚད་ཏུན་ས་ཡ་གཅིག་དང་སྟོང་བདུན་ལ་སླེབས་པ་དང་། སྔོ་ཚལ་གྱི་ཐོན་ཚད་ཏུན་ས་ཡ་གཅིག་དང་འབུམ་བདུན་ཁྲི་གཅིག་སྟོང་བཞི་ལ་སླེབས་ལ། དེ་ལོ་སྔོན་མ་དང་བསྡུར་ན་ཏུན་ཁྲི་གཅིག་དང་སྟོང་བཞིས་ཇེ་མང་དུ་སོང་། ཆུའི་ཐོན་རྫས་ཀྱི་ཐོན་ཚད་ཏུན་ཁྲི་གཅིག་དང་སྟོང་དྲུག་ལ་སླེབས་པ་དང་། ལྡབ་གསུམ་གྱིས་ཁ་སྣོན་བྱས། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་། འབྲུ་རིགས་གཟན་རྩྭ་རུ་བསྒྱུར་བའི་རྒྱ་ཁྱོན་སྤྱི་ཆིངས་ཁྲི་གསུམ་དང་སྟོང་གསུམ་སུམ་བརྒྱར་སླེབས་ལ། ཚད་ལྡན་ཅན་གྱི་གཞི་ཁྱོན་གསོ་སྤེལ་ར་བ་བརྒྱ་དང་དོན་དགུ་བཙུགས། ལྷག་པར་དུ་རོང་འབྲོག་ཁུལ་གྱི་མཉམ་བསྲེས་འཕེལ་རྒྱས་ཐད་ཀྱི་མཆོང་བརྒལ་མངོན་འགྱུར་བྱས་པ་དང་། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་ལ། གནད་ཕིགས་དབུལ་སྐྱོར་ཐད་ནས་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་སུ་སོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་བླངས་ནས། ཞིང་ཕྱུགས་ལས་འཕེལ་རྒྱས་ཐད་ནས་གསོན་ཤུགས་གསར་བ་བསྣན།

འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ཡུར་རྐ་གཙོ་བོ་དང་བྱང་རྐ་སྐབས་གཉིས་པ། ཞུའུ་ཅི་འགག་ཆུ་བེད། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་སོགས་བཟོ་སྐྲུན་ཁྱོན་ཡོངས་ལག་བསྟར་བྱས་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་ཆུ་མཛོད་ཆེན་མོ་བཞིའི་ཆུ་གཏོང་ཁུལ། རྨ་ཆུའི་གཞུང་རྒྱུན་གྱི་ཆུ་འགོག་བཅོས་སྐྱོང་གཙོ་གཞི་བཟོ་སྐྲུན་བཅས་ཧ་ལམ་ཡོངས་འགྲུབ་བྱས་ལ། ན་ལིན་གི་ལི་ཆུ་བོའི་བཟོ་སྐྲུན་དུས་ལྟར་ལག་བསྟར་བྱེད་འགོ་བརྩམས་པ་དང་། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་སུམ་བརྒྱ་འཛུགས་སྐྲུན་བྱས་པ་དང་རོང་འབྲོག་ཁྱིམ་ཁྲི་དྲུག་གི་ཁང་རྙིང་དང་ཉེན་ཁང་བསྒྱུར་བཀོད་བྱས།

2017ལོར། མཚོ་སྔོན་ཞིང་ཆེན་ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་ཇུས་གཞི་ལ་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་དང་། ཙོང་ཆུའི་གཞི་ཁྱོན་ཅན་གྱི་ནགས་རར་ཡིག་ཐོག་སྙན་ཞུ་བྱས་ནས་ཡོངས་འགྲུབ་བྱུང་ལ། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་རྒྱ་ཁྱོན་སྤྱི་ཆིངས་འབུམ་གཉིས་དང་ཁྲི་དྲུག་སྟོང་དྲུག་བདུན་བརྒྱ་ལས་བརྒལ་ནས། སྔར་ལོའི་ནགས་སྐྲུན་ལྗང་བསྒྱུར་གྱི་ཆ་སྙོམས་ཀྱི་ལས་འགན་ཚད་ཀྱི་ལྡབ་གཉིས་ལྷག་ཡོངས་འགྲུབ་བྱས། དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་མ་ལག་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་པ་དང་། དབུལ་ཕོངས་རྫོང་བདུན་དང་དབུལ་ཕོངས་སྡེ་བ་ལྔ་བརྒྱ་དང་ཉེར་ལྔ་དབུལ་ཐར་བྱས་ཤིང་། དབུལ་ཕོངས་མི་གྲངས་འབུམ་གཅིག་དང་ཁྲི་ལྔ་སྟོང་བརྒྱད་དབུལ་ཐར་བྱེད་པའི་ལོ་ཧྲིལ་བོའི་དབུལ་ཐར་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས།