མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས།
2018.03.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས། ཝང་གོ་ཧྲིན་གྱིས་འགོ་འཛིན་བྱས་ནས་གཏམ་བཤད། ཝང་ཅན་ཅོན་དང་ཐིན་ཅཱ་ཚེ། ཝང་ཡུས་པའོ། ཀྲང་ཀོང་རོང་སོགས་འཐུས་མིས་སོ་སོར་གཏམ་བཤད།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་ལ་ཧ་ཅང་འཐད་པ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་དྲག་པོ་བྱས་པ་དང་། ཏང་གི་སྣང་བརྙན་ཡང་བསྐྱར་བསྐྲུན་ལ། དམངས་སེམས་སྔར་ལས་གཅིག་ཏུ་བསྒྲིལ། ལྟ་ཞིབ་བཅའ་ཁྲིམས་གཏན་འབེབས་བྱས་པ་དེ། དུས་བབ་དང་མཐུན་པ་མ་ཟད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལག་ལེན་དང་ཉམས་མྱོང་། ལམ་ལུགས་དང་ཁྲིམས་ལུགས་ཀྱི་གྲུབ་འབྲས་སུ་བསྒྱུར་ལ། དེ་ལས་སླ་མོ་ཞིག་མིན་པར་ཧ་ཅང་རྩ་ཆེ། ལྟ་ཞིབ་བཅའ་ཁྲིམས་གཏན་འབེབས་བྱས་པ་དེ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་དང་། ཏང་དང་རྒྱལ་ཁབ་ཀྱིས་རང་སྟེང་ལ་ལྟ་སྐུལ་བྱེད་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་པས། ཏང་གི་སྲིད་འཛིན་གོ་གནས་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བ་མངོན་འགྱུར་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། གུང་ཁྲན་ཏང་གི་དབང་ཆ་ནི་མི་དམངས་ཀྱིས་བསྩལ་བ་ཡིན་ལ། དབང་ཆ་དེ་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐད་བཀོལ་སྤྱོད་བྱེད་དགོས། ལྟ་ཞིབ་བཅའ་ཁྲིམས་ཀྱིས་སྤྱིའི་དབང་ཆ་སྤྱོད་པའི་གཞུང་ཞབས་པ་ཡོངས་རྫོགས་ལ་ལྟ་ཞིབ་བྱེད་པ་མངོན་འགྱུར་བྱས་ནས། ཏང་དང་མི་དམངས་ཀྱིས་བསྩལ་བའི་དབང་ཆ་དེ་མི་དམངས་ལ་ཁེ་ཕན་བརྩོན་པའི་ཐད་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱེད་ངེས་པ་དང་།  ལྟ་ཞིབ་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་རྗེས་ཀྱི་ཐོག་མའི་ལས་འགན་ནི་སློབ་སྦྱོང་བཟང་བོ་བྱེད་པ་དང་། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྔར་ལས་སློབ་སྦྱོང་བཟང་བོ་བྱེད་རྒྱུ་དེ་ཡིན་ལ། སློབ་སྦྱོང་བྱས་པ་བརྒྱུད་དེ། བཅའ་ཁྲིམས་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྣེ་ཁྲིད་དེ་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་པ།  འགུལ་སྐྱོད་རང་རྟོགས་མཐོར་འདེགས་བྱེད་པ། ལྟ་ཞིབ་སྒྲིག་གཞི་བཅོས་བསྒྱུར་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཝང་ཅན་ཅོན་གྱིས་བཤད་རྒྱུར། ལྟ་ཞིབ་བཅའ་ཁྲིམས་ཐད་ནས་དམངས་གཙོ་དང་ཡོངས་བསྒྲགས། དྭངས་གསལ། གཟབ་ནན། ཚན་རིག་བཅས་རྒྱུན་འཁྱོངས་བྱས་པ་དང་། ཁ་གཏད་རང་བཞིན་དང་སྣེ་ཁྲིད་རང་བཞིན། མཛུབ་སྟོན་རང་བཞིན་ཆེན་པོ་ལྡན། གཅིག་ནས་ལྟ་ཞིབ་བཅའ་ཁྲིམས་དང་རྩ་ཁྲིམས་བཟོ་བཅོས་ཇུས་གཞི་གཉིས་ཐེངས་འདིའི་ཚོགས་ཆེན་གྱི་ནང་དོན་གཙོ་བོ་ཡིན་པའི་ཆ་ནས། མཉམ་དུ་ལོ་རྒྱུས་དེབ་ཐེར་དུ་འགོད་ངེས་པ་དང་། གཉིས་ནས་སྔར་གྱི་སྲིད་འཛིན་ལྟ་ཞིབ་བཅའ་ཁྲིམས་ནས་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་སུ་བཟོ་བཅོས་བྱས་པ་དང་། ཡིག་འབྲུ་གཉིས་ཀྱི་ཁྱད་པར་དེས་ཏང་ཀྲུང་དབྱང་གི་རུང་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ནས་བཀག་ཁུལ་མེད་ལ། བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པ་དང་ཡོངས་སུ་ཁེབས་པར་བྱེད་པའི་ཆོད་སེམས་མཚོན་ཡོད། གསུམ་ནས་ལྟ་ཞིབ་བཅའ་ཁྲིམས་ནི་དུས་རབས་དང་མཐུན་པ་དང་། མི་དམངས་ཀྱིས་དང་ལེན་བྱེད་པའི་བཅའ་ཁྲིམས་ཡིན་ལ། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་རྣམ་པར་བརྟེན་ནས་རུང་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཆོག་པ། རུལ་སུངས་བྱེད་མི་འདོད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་སྐྲུན་བྱས། བཞི་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རུལ་སུངས་ལ་ངོ་རྒོལ་ཤུགས་ཆེན་བྱས་ཏེ། རྩ་བཅོས་བྱེད་པའི་ཐད་ནས་དུས་ཚོད་བརྩོན་ལེན་བྱས་པ་དང་། རྒྱལ་ཁབ་ཁྲིམས་འཛུགས་ཀྱིས་རྩ་ལག་མཉམ་བཅོས་བྱེད་པའི་ཐད་གཅིག་གྱུར་སྣེ་ཁྲིད་དང་རྨང་གཞིའི་ནུས་པ་བཏོན། ལྔ་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་རྒྱལ་ཁབ་ལྟ་ཞིབ་གཉིས་གཅིག་གྱུར་བྱས་ཏེ། ཏང་གི་སྒྲིག་ལམ་ཡོད་ལ་རྒྱལ་ཁྲིམས་ཀྱང་ཡོད་པ་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མངོན་གསལ་གྱི་ཁྲིམས་སྐྱོང་ཁྱད་ཆོས་མངོན་པར་བྱས་ཡོད་པས། ང་རང་ཧ་ཅང་འཐད་པ་ཡིན་ཟེར།

ཐིན་ཅཱ་ཚེ་ཡིས་བཤད་རྒྱུར། རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་གཏན་འབེབས་བྱས་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྱད་འཕགས་ལས་འགན་གྱི་འགྱུར་ལྡོག་གསར་བར་གཞིགས་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཡིན་ལ། ཏང་གི་འདོད་བློ་དེ་ཁྲིམས་བཀོད་བརྒྱུད་རིམ་བརྒྱུད་དེ་རྒྱལ་ཁབ་ཀྱི་འདོད་བློ་རུ་འགྱུར་བར་བྱེད་པ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་ཕན་པ་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ལྟ་ཞིབ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་རང་སྟེང་གི་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བར་ཕན་འདོགས་ཐུབ། གཅིག་བསྡུས་གཅིག་གྱུར་དང་དབང་ཟིལ་ཕན་མཐོ་ཡི་ལྟ་ཞིབ་མ་ལག་འཛུགས་པར་ཕན་བཏགས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ནས་མགོ་ནོན་རང་བཞིན་གྱི་རྒྱལ་ཁ་ལེན་པར་རྩ་བའི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་ངེས་ཟེར། ཐིན་ཅཱ་ཚེ་ཡིས་བཅའ་ཁྲིམས་ཀྱི་དོན་ཚན་སྐོར་ཞིག་ལ་བཟོ་བཅོས་བྱེད་རྒྱུའི་གྲོས་གཞི་བཏོན་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ལྟ་ཞིབ་སྒྲིག་གཞི་བཅོས་བསྒྱུར་ཚོད་ལྟ་གཏིང་ཟབ་ཏུ་སྤེལ་བའི་གནས་ཚུལ་ཐད་ནས་ངོ་སྤྲོད་བྱས།

ཝང་ཡུས་པའོ་ཡིས་བཤད་རྒྱུར། ང་ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་ལ་ཧ་ཅང་འཐད་པ་ཡིན། ལྟ་ཞིབ་བཅའ་ཁྲིམས་གཏན་འབེབས་བྱས་པ་དེ་དུས་ཐོག་ཏུ་འཁེལ་ཡོད་ལ། ཧ་ཅང་དགོས་གལ་ཆེ་སྟེ། གཅིག་ནས། ལྟ་ཞིབ་བཅའ་ཁྲིམས་གཏན་འབེབས་བྱས་པ་ནི་ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཐད་ཀྱི་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་དགོས་མཁོ་ཡིན་པ་དང་། གཉིས་ནས་ལྟ་ཞིབ་བཅའ་ཁྲིམས་གཏན་འབེབས་བྱས་པ་ནི་རྒྱུན་མཐུད་ངང་རུལ་སུངས་ལ་ངོ་རྒོལ་གཏིང་ཟབ་བྱེད་པའི་དགོས་མཁོ་དང་། གསུམ་ནས་ལྟ་ཞིབ་བཅའ་ཁྲིམས་གཏན་འབེབས་བྱས་པ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་དགོས་མཁོ། བཞི་ནས་ལྟ་ཞིབ་བཅའ་ཁྲིམས་གཏན་འབེབས་བྱས་པ་ནི་སྤྱི་ཡོངས་དང་འབྲེལ་བའི་ཆབ་སྲིད་ཀྱི་སྒྲིག་གཞི་བཅོས་བསྒྱུར་གལ་ཆེན་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་བྱེད་ཐབས་གལ་ཆེན་བཅས་ཡིན་ཟེར། ཝང་ཡུས་པའོ་ཡིས་བཅའ་ཁྲིམས་ཀྱི་དོན་ཚད་སྐོར་ཞིག་ལ་བཟོ་བཅོས་བྱེད་རྒྱུའི་གྲོས་གཞི་བཏོན།

ཀྲང་ཀོང་རོང་གིས་བཤད་རྒྱུར། ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་ནི་ལག་ལེན་དང་ཉམས་མྱོང་སྤྱི་སྡོམ་བྱེད་པའི་རྨང་གཞིའི་སྟེང་། དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས་གྲུབ་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་ལྟ་ཞིབ་བྱ་བའི་གནས་ཚུལ་དངོས་དང་མཐུན་ལ། ཁ་གཏད་རང་བཞིན་དང་ལག་བསྟར་རང་བཞིན་ཆེན་པོ་ལྡན་པ་དང་། འཐུས་ཚང་བའི་བཅའ་ཁྲིམས་འཆར་ཟིན་ཞིག་ཡིན་པས། ང་རང་ཧ་ཅང་འཐད་པ་ཡིན་ཟེར།