རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས2018ལོའི་འཆར་འགོད་སྙན་ཞུ་དང་འཆར་འགོད་འཆར་ཟིན་དང་། 2018ལོའི་སྔོན་རྩིས་སྙན་ཞུ་དང་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས།
2018.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་བསམ་འཆར་དང་སྦྲེལ་ནས2018ལོའི་འཆར་འགོད་སྙན་ཞུ་དང་འཆར་འགོད་འཆར་ཟིན། 2018ལོའི་སྔོན་རྩིས་སྙན་ཞུ་དང་སྔོན་རྩིས་འཆར་ཟིན་ལ་སྔར་ལས་ཞིབ་བཤེར་བྱས།

གྲོས་བསྡུར་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། གྲོས་ཚོགས་སྟེང་འཆར་འགོད་དང་སྔོན་རྩིས་གཉིས་ལ་ཞིབ་བཤེར་བྱས་པའི་མཇུག་འབྲས་སྙན་ཞུ་ལ་གྲོས་འཆམ་བྱུང་བར་མ་ཟད། སྙན་ཞུ་དེ་གཉིས་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པར་སྤྲོད་རྒྱུའི་ཐག་བཅད།

ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བལྟས་ན། 2017ལོར་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་སྤྱིར་ཧ་ཅང་བཟང་ལ། གཏན་ལ་ཕབ་པའི་འཆར་འགོད་སྙན་ཞུ་དང2018ལོའི་འཆར་འགོད་འཆར་ཟིན་གྱི་དམིགས་འབེན་གཙོ་བོ་དང་བྱ་བའི་བཀོད་སྒྲིག་སྤྱིར་བལྟས་ན་ལག་ལེན་དུ་བསྟར་ཆོག་པར་འདོད་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་དང2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཆོག་མཆན་འགོད་པ་དང་། 2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཆར་ཟིན་ལ་ཆོག་མཆན་འགོད་པའི་གྲོས་གཞི་བཏོན།