མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས།
2018.06.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

 ཟླ་ལྔ་བའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱི་སློབ་སྦྱོང་འཛིན་གྲྭ་དང་། ཞིང་ཆེན་ཡོངས་ཀྱི་སྒྲིག་ལུགས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་སྐུལ་འདེད་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་མཐར་ཕྱིན་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་བླང་བྱ་བཏོན། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་དང་ཉེའོ་ཁྲིན་ཡུན། ཝུའུ་ཧེ་ཁོན་བཅས་ཚོགས་འདུར་ཞུགས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཐིག་ཏུང་ཏི། དེ་མིན་ད་དུང་གྲོང་ཁྱེར་དང་ཁུལ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐིན་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ་བཅས་གྲོས་ཚོགས་ལ་ཞུགས།

ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ནི་མཚོ་སྔོན་གྱི་མིག་སྔའི་བརྗོད་དོན་གཙོ་བོ་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར་དང་། ཆབ་སྲིད་བརྩི་བའི་མཐོ་ཚད་ནས་འགྲེང་སྟེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློའི་ཚན་རིག་གི་ནང་སྙིང་དང་གཞི་རྩའི་བླང་བྱར་གོ་བ་ཡང་དག་ལེན་དགོས། བསམ་བློའི་ངོས་ཟིན་དང་འཆར་འགོད། བྱ་བའི་བྱེད་ཕྱོགས་བཅས་ཀྱི་སྟེང་ནས་དམིགས་ཚད་བཟོས་ཏེ། ཁྲིམས་འཛིན་ལྟ་སྐུལ་དང་ཁྲིམས་འཛུགས་འགན་སྲུང་། གྲོས་འདོན་བདག་གཉེར་སོགས་ཀྱི་འགན་ནུས་གཙང་ལེན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བའི་འོས་འགན་ཕྲག་སྟེང་དུ་ལེན་དགོས་ཟེར།