མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འདུ་ཤེས་འཛིན་སྟངས་དང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།
2018.08.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འདུ་ཤེས་འཛིན་སྟངས་དང་དྲ་རྒྱུའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་བཞུགས་མོལ་བརྗེ་རེས་ཚོགས་འདུ་ཟི་ལིང་ནས་ཚོགས། ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཁྱད་པར་དུ་འདུ་ཤེས་འཛིན་སྟངས་བྱ་བར་ཤུགས་སྣོན་པའི་རྣམ་བཤད་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན། ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཉམས་མྱོང་ལ་སྤྱི་སྡོམ་དང་བརྗེ་རེས་བྱས་པར་མ་ཟད། གནད་དོན་གྱི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འདུ་ཤེས་འཛིན་སྟངས་བྱ་བ་དང་། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ། འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། འདུ་ཤེས་འཛིན་སྟངས་དང་དྲ་འཕྲིན་བྱ་བ་བཟང་བོར་བསྒྲུབ་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན། བརྩོན་སེམས་ཆེར་སྐྱེད་དགོས། ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་བྱེད་པ་དང་། བསམ་བློའི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པ། འདུ་ཤེས་འཛིན་སྟངས་ཀྱི་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ། གཡུལ་སའི་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་པ། དྲ་རྒྱའི་འདུ་ཤེས་འཛིན་སྟངས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། དྲ་འཕྲིན་བྱ་བར་ཤུགས་སྣོན་པ། ཏང་ཡོན་ལས་བྱེད་པའི་དྲ་རྒྱའི་སྤྱོད་ཚུལ་ཚད་ལྡན་དུ་བསྒྱུར་བ། གནད་དོན་ཆེན་པོ་དུས་ལྟར་ཐག་གཅོད་པ། མི་རིགས་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། དམིགས་འབེན་ལས་འགན་གཏན་ཁེལ་གསལ་བོ་བྱེད་པ་དང་། བྱ་བའི་ཐད་ཀྱི་ཞན་ཆ་དག་ཐེར་ལེགས་བཅོས་བྱེད་པ། ལྟ་སྐུལ་ཞིབ་བཤེར་ཇེ་དྲག་ཏུ་གཏོང་བ། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཧུར་ཐག་གིས་གོང་འོག་བརྗེ་རེས་དང་གཡས་གཡོན་མཉམ་འགུལ། སྤྱི་ཁོག་ནས་སྤེལ་བའི་བྱ་བའི་རྣམ་པ་གྲུབ་པར་བྱས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བར་སྔར་ལས་འཆམ་མཐུན་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་དང་སྣང་ཚུལ་བཟང་བོ་སྐྲུན་དགོས་ཟེར།

ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་དྲུག་གི་འབྲེལ་ཡོད་འགན་ཁུར་མི་སྣས་བརྗེ་རེས་གཏམ་བཤད་སྤེལ། ཞིང་ཆེན་སྲིད་གྲོས་ལས་ཁུངས་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་སོགས་ལས་ཁུངས་བཅུ་གཉིས་ཀྱིས་ཡིག་ཐོག་བརྗེ་རེས་སྤེལ།