མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་པའི་ཐུན་མོང་སློབ་ཁྲིད་གྲ་སྒྲིག་གྲོས་ཚོགས་བསྡུས།
2018.08.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 79

ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་པའི་ཐུན་མོང་སློབ་ཁྲིད་གྲ་སྒྲིག་གྲོས་ཚོགས་བསྡུས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཐུན་མོང་དྲིལ་སྒྲོག་བྱ་འགུལ་བཟང་བོ་སྤེལ་བར་བཀོད་སྒྲིག་གང་ལེགས་བྱས།

ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་དྲིལ་སྒྲོག་གཏིང་ཟབ་བྱེད་ཆེད། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་དེ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཆེད་དུ་འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པ་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ཆེད་མཁས་པ་བསྐོ་འཐེན་བྱས་ཏེ། ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་ནས་ཟླ་དགུ་བའི་ཚེས་བདུན་ཉིན་བར་དུ། ས་གནས་དང་ལས་ཁུངས་སོ་སོར་སོང་ནས་དྲིལ་སྒྲོག་བྱ་འགུལ་སྤེལ་རྒྱུ་རེད། སློབ་ཁྲིད་གྲ་སྒྲིག་གྲོས་ཚོགས་དོད་རྟགས་སུ་བརྩིས་ཏེ། ཞིང་ཆེན་ཡོངས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་པའི་ཐུན་མོང་དྲིལ་སྒྲོག་བྱ་འགུལ་དངོས་སུ་འགོ་བརྩམས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དྲིལ་སྒྲོག་ཚོགས་པའི་ཁོངས་མིས་ནན་ཏན་སྒོས་སློབ་ཁྲིད་གྲ་སྒྲིག་གང་ལེགས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྙིང་བོ་ཁོང་དུ་ཆུད་པ་བྱེད་དགོས་ཟེར།